བོད་ལྗོངས་གཞིས་རྩེའི་སྟོན་དུས་ཀྱི་གངས་རི་དང་མཚོ་མོའི་མཛེས་ལྗོངས།

འདི་ནི་ཉེ་ཆར་བོད་ལྗོངས་གཞིས་རྩེའི་དཔལ་ཁུད་མཚོ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་སྟོན་དུས་ཀྱི་གངས་རི་དང་མཚོ་མོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།

འདི་ནི་བོད་ལྗོངས་གཞིས་རྩེའི་དཔལ་ཁུད་མཚོ་མཛེས་ལྗོངས་ཁུལ་གྱི་སྟོན་དུས་ཀྱི་གངས་རི་དང་མཚོ་མོའི་མཛེས་ལྗོངས་ཡིན་པ།
དཔལ་ཁུད་མཚོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དང་གཉའ་ནང་རྫོང་གི་འབྲེལ་མཚམས་སུ་གནས་ཤིང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་300ཙམ་ཡོད་པ་དང་། ས་བབ་སྨི་4590ཟིན་ཡོད། དེ་ནི་ཇོ་མོ་གླང་མ་སྲུང་སྐྱོང་ཁུལ་ནང་གི་སྐམ་སའི་མཚོ་ཆེ་ཤོས་དེ་ཡིན་པ་དང་། མཚོ་འགྲམ་ནས་ཤི་ཤ་སྦང་མ་སོགས་ཀྱི་གངས་རི་མཐོང་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།