དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་དྭངས་གཙང་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཀྲུང་གོར་ཐེངས་དང་པོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-24

     ཚེས་20ཉིན། 2026ལོའི་འཛམ་གླིང་དྭངས་གཙང་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེར“སྡེར་གཙང་བྱ་སྤྱོད་ནས་དྭངས་གཙང་གྲོང་ཁྱེར་བར”བརྗོད་དོན་གཙོ་བོར་བྱས་ནས《ཧྲའོ་ཤིང་གི་ལག་ལེན》དང《ཧྲའོ་ཤིང་གི་གྲོས་འགོ》སོགས་གྲུབ་འབྲས་ལྡན་པའི་ཡིག་ཆ་ཡོངས་བསྒྲགས་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་པུའུ་ཨུད་བཅས་དང་། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་རིགས་གཅིག་མཁས་ཅན་དང་། གྲོང་ཁྱེར་གྱི་འཐུས་མི། ཁེ་ལས་ཀྱི་འཐུས་མི་སོགས་མི་800ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ནས་བསམ་ཚུལ་བརྗེ་རེས་ཀྱི་ཁྲོད“བཟའ་བཅའ་འཕྲོ་བརླག་ཉུང་དུ་གཏོང་བ་དང་གྲོང་ཁྱེར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

    ད་ལོའི་འཛམ་གླིང་དྭངས་གཙང་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཀྲུང་གོར་ཐེངས་དང་པོ་སྤེལ་བ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་དང་ཤེས་དཔལ་ཡར་ཐོན་ལ་ཁས་ལེན་བྱས་པ་མཚོན་པ་མ་ཟད། གོ་ལ་ཧྲིལ་པོའི་སྡོད་མལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་འགྲོ་བར་ཡང་འབྲེལ་ཟམ་གལ་ཆེན་ཞིག་བཙུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།