ཚྭ་འདམ་གྲམ་ཐང་དུ་གཞི་ཚུགས་ནས་ཚྭ་མཚོའི་ཐོན་ཁུངས་སྐྱེལ་འདྲེན་གྱི་བགྲོད་ལམ་སྲུང་བ།

འདི་ནི་ཟླ་9ཚེས་21ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་ལྕགས་ལམ་སྐྱེལ་འདྲེན་ལས་གྲྭ་ཚད་ཡོད་ཀུང་སི་ཤིས་པེ་ལྕགས་ལམ་བདག་སྐྱོང་བཀོད་འདོམས་པུའི་མེ་འཁོར་ཁ་ལོ་བ་གཞོན་པ་མུའུ་ཀྲེ་ཀྲི་ཡིས་མེ་འཁོར་ཉམས་བཟོ་བྱེད་བཞིན་པ།

འདི་ནི་ཟླ་9ཚེས་21ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་ལྕགས་ལམ་སྐྱེལ་འདྲེན་ལས་གྲྭ་ཚད་ཡོད་ཀུང་སི་ཤིས་པེ་ལྕགས་ལམ་བདག་སྐྱོང་བཀོད་འདོམས་པུའི་ལྕགས་ལམ་ཉམས་བཟོ་ལས་དོན་པས་ལམ་ངོས་ཀྱི་བྱེ་མ་གཙང་ཕྱག་བྱེད་བཞིན་པ།
ཤིས་པེ་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མངའ་ཁོངས་ཀྱི་ཚྭ་འདམ་གྲམ་ཐང་དུ་གནས་ཤིང་། ལྕགས་ལམ་དེས་པེ་ཧོ་པུའུ་ཤུན་ཚྭ་མཚོ་དང་མཚོ་བོད་ལྕགས་ལམ་ཤིས་ཐེ་ཧྲན་འབབ་ཚུགས་གཉིས་སྦྲེལ་མཐུད་བྱས་ནས་ཚྭ་མཚོའི་ཐོན་ཁུངས་སྐྱེལ་འདྲེན་གྱི་བགྲོད་ལམ་བཏོད་ཅིང་། དེས་ཚྭ་མཚོ་ནས་ཐོན་པའི་བཟོ་ལས་ཚྭ་ཁུངས་ཟམ་མི་ཆད་པར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།