དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1.39བཏང་ནས“འོད་ཤུགས་བྱེ་བཅོས”ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-24

    ཉེ་ཆར། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་མྱ་ངམ་ཐང་བཅོས་སྒྲིག་གི་མ་དངུལ་བསྡུ་སྒྲིལ་གྱི་དངོས་ཡོད་དཀའ་གནད་ལ་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ཁེ་ལས་ཤིག་ལ་ཡུན་རིང་དངུལ་བུན་སྒོར་དུང་ཕྱུར་1.39བཏང་སྟེ་བསམ་གྲུབ་རྩེ་ཆུས་ཀྱི་ཆན་ཝ་ཁྲི་5ཟིན་པའི་འོད་ཤུགས་བྱེ་བཅོས་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ནས། ས་མཐོའི་ཁུལ་དུ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་འོད་ཤུགས་དང་། བྱེ་བཅོས། དམངས་ཕྱུག་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་བུན་དེ་གྲུབ་འབྲས་ཐོབ་པའི་ངང་བཏང་བ་ལས་སྔོན་དཔག་ལྟར་ན། བྱེ་འཇགས་ཡོང་ཆེད་སྔོ་ལྗང་མུའུ་204གསར་དུ་བཏབ་པ་དང་། སྔོ་ཁེབས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་མུའུ་393ཐུབ་པ། བྱེ་མའི་ཐོན་ལས་འཕེལ་རྒྱས་མུའུ་206རྒྱ་སྐྱེད་བཅས་ཐུབ་ནས་ཐང་རྒོད་དང་བེད་མེད་ས་ཆའི་ཐོན་ཁུངས་ཕན་སྒྱུར་ནུས་ལྡན་ཐུབ་སྟེ། ཐང་རྒོད་སྐྱེ་ཁམས་མ་ལག་བརྟན་པོའི་ངང་མཐོར་གཏོང་དང་། ལྗང་མདོག་ནུས་རྒྱུ་རྒྱ་སྐྱེད། གྲོང་གསེབ་ཀྱི་དམངས་འཚོ་ལེགས་གཏོང་བཅས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་མང་པོ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།