ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་མིའི་ཐོག་ཁང་དང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གཞུང་དོན་ཁང་གི་གནས་ཡུལ་རྙིང་པར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་མིང་བཏཌ་པ།
ཚེས་22ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་མིའི་ཐོག་ཁང་དང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གཞུང་དོན་ཁང་གི་གནས་ཡུལ་རྙིང་པར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར(སྲིད་འཛིན་སློབ་གླིང)འཚོགས་པ་དང་། དེ་ལས་བོད་དུ“རྒྱལ་མཚོན་མིང་ཅན”གྱི་གསར་བརྗེའི་སློབ་ཁང་ཞིག་སླར་ཡང་མང་དུ་ཕྱིན་པ་མཚོན་ཡོད།
ད་ལོའི་ཟླ་7པར། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་བོད་སྡོད་འཐུས་མིའི་ཐོག་ཁང་དང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་གཞུང་དོན་ཁང་གི་གནས་ཡུལ་རྙིང་པར་ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་མིང་བཏགས་པ་རེད། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཀྲང་ཅིང་ཝུའུ་དང་། ཀྲང་གོ་ཧྭ། ཐན་ཀོན་སེན་སོགས་གསར་བརྗེ་བ་རྒན་རབས་ཚོས་དེ་གར་གཞི་ཚུགས་ནས་འབད་འཐབ་ལྷོད་མེད་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་དང་། མཐའ་མཚམས་སྤྱི་ཡོངས་བརྟན་ལྷིང་། དམངས་གཙོའི་བཅོས་སྒྱུར་ལག་བསྟར་སོགས་ལག་ལེན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས། བོད་འདི་ཉིད་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། དེ་གར་ནི་བོད་ཀྱི་ལོ་རྒྱུས་དོན་ཆེན་གལ་ཆེན་གྱི་བདེན་དཔང་བྱ་ཡུལ་ཡིན་ལ། བོད་ཀྱི་ཏང་ཡོན་དང་ལས་བྱེད་པའི་ཉེ་འགྲམ་གྱི་ཏང་གཤིས་སློབ་གསོའི་སློབ་ཁང་ཞིག་ཀྱང་རེད།
“དངོས་རྫས་རེ་རེ་དང་པར་རིས་རེ་རེ་ནི་ལོ་རྒྱུས་ཀྱི་གསོན་ཉམས་དོད་པའི་དཔང་པོ་ཞིག་དང་། ཐག་ཉེ་ས་དང་གསོན་ཉམས་དོད་པའི་ཏང་གཤིས་སློབ་གསོའི་སློབ་གཞིའང་རེད། ངས་ད་ཐེངས་སྒོ་བྱང་བཀལ་བ་དེ་གོ་སྐབས་སུ་བྱས་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། ལས་གནས་ལ་གཞི་ཚུགས་ནས་དངོས་སྒྲུབ་འགན་འཁྲི་ཁུར་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་དུས་ཐེངས་39པའི་རྫོང་དང་ཁྲུའུ་རིམ་པའི་དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་རྫོང་དཔོན་གཞོན་པ་ལིའུ་ཨེན་ཙན་གྱིས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞི་དེས་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་རྩ་འཛུགས། སྤྱི་ཚོགས་བཅས་ལ་སྒོ་དབྱེ་ནས་ཏང་གཤིས་སློབ་གསོ་དང་། རིག་གཞུང་བགྲོ་གླེང་། ཚན་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་གསར་བརྗེའི་སྤུས་རྟགས་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།