བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་ལོ་13རིང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཟླ་9ཚེས་23ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དགུ་པ་རེད། བོད་ཀྱི་ས་ཕྱོགས་གང་ས་ནས་ལོ་ལེགས་ཀྱི་གཏམ་བཟང་གྲགས། “བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2012ལོའི་སྒོར་5698ནས་2025ལོའི་སྒོར་23184བར་བརྟན་པོ་འཕར་ཞིང་། ལོ་13རིང་ལོ་རེར་ཆ་སྙོམས་11.4%འཕར་ནས། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ཏང་ཙུའི་ཧྲུའུ་ཅི་དང་སྤྱི་ཁྱབ་རུ་དཔོན་པ་སངས་ཀྱིས་གསར་འགོད་པར་བརྗོད།
“རྒྱལ་ཡོངས་ཀྱི་ཨང་དང་པོ་དེ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཞིང་འབྲོག་པར་སྔོན་ལ་སྤྱོད་པར་ཕྱོགས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ཁག་ཟབ་ཏུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་སྐུལ་སློང་བྱས་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད་ལ། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱས་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བཏང་བའི་དཔང་རྟགས་ནུས་ལྡན་ཞིག་དེ་བས་ཀྱང་རེད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབྱང་ཅེས་བརྗོད།
ལོ་མང་རིང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་པར་འབབ་འཕར་ཡོང་བ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩིས་ནས་ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྲིད་ཇུས་ཀྱིས་ཐ་སྐྱོང་བྱེད་པ། རོགས་སྐྱོར་དང་རོགས་རམ་བྱེད་པ་བཅས་ཀྱི་སྣ་མང་འབབ་འཕར་མ་ལག་བཏོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་ལས་ཀྱི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་254.6བཏང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་612.5དོན་འཁྱོལ་བྱས་ཏེ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་80%ཡན་དམངས་འཚོ་དང་། གཞི་རིམ། ཞིང་འབྲོག་ཁུལ་བཅས་ལ་ཕྱོགས་ཡོད། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་རྗེས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་འབྲོག་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་ཧུར་ཐག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།