དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཐད་ཚད་བརྒལ་མྱུར་པོ་བྱུང་ནས་གོ་ལ་ཧྲིལ་པོའི་རྩལ་ནུས་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོས་ཐོན་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་རྒྱལ་ཁབ་ཁག་གི་རྩལ་ནུས་ཤེས་ལྡན་པར་ལག་རྩལ་བྱང་ཆུབ་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཕན་ནུས་ལྡན་པའི་ལས་སྟེགས་བཏོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྐབས་འདིའི་འགྲན་བསྡུར་ཆེ་མོ་གཉེར་བ་གོ་སྐབས་སུ་བྱས་ཏེ་ངལ་རྩོལ་པ་དེ་བས་མང་བ་དང་ལྷག་པར་དུ་གཞོན་ནུ་ཚོས་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་རྩལ་ནུས་ལས་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཐབས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་འདོད་ཡོད།

    འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པ་དེ་ཉིན་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“རྩལ་ནུས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་། རྩལ་ནུས་ཀྱིས་མདུན་ལམ་ལ་འོད་སྣང་སྦྱིན”ཞེས་པ་དེ་ཡིན་ཞིང་། འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པ་དང་། མི་སྤྱི་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་འགན་འཁུར་བ་ཞིག་རེད། འགྲན་བསྡུར་ཆེ་མོའི་རིང་འཛམ་གླིང་རྩལ་ནུས་ཚོགས་ཆེན་དང་འཛམ་གླིང་རྩལ་ནུས་དངོས་མང་སྟོན་ཚོགས་གཉེར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།