གྲོངས་མཁན་གྱི་དངུལ་ཁང་གཱ་ནང་གི་དངུལ་ལེན་སྟབས་བདེ་རུ་ཕྱིན་འདུག

འདས་གྲོངས་སུ་སོང་བའི་གཉེན་ཉེའི་མིང་འོག་གི་དངུལ་ཁང་གཱ་ཡི་ཆ་འཕྲིན་གསལ་པོ་ཤེས་དགོས་ན། དེ་སྔ་དངུལ་ཁང་མང་པོར་ཡར་རྒྱུག་མར་རྒྱུག་བྱས་ནས་རེ་རེ་བཞིན་བཤེར་དགོས་ཀྱི་ཡོད། དངུལ་ཁང་མང་པོར་འགྲོ་དགོས་པ་དང་། ཐེངས་མང་པོ་འགྲོ་དགོས་པ། དུས་ཚོད་མང་པོ་འགོར་བ་བཅས་ལས་འགྲོ་གྲོན་ཆེ་བ་མ་ཟད་དུས་ཚོད་ཀྱང་འཕྲོ་བརླག་འགྲོ་གི་ཡོད།
ད་ཆ་གནད་དོན་དེ་ཐག་གཅོད་བྱེད་པའི་བྱ་ཐབས་གསར་པ་ཞིག་ཡོད།

ཉེ་ཆར། ལྷ་སས“འདས་གྲོངས་མི་སྣའི་དངུལ་ཁང་གཱ་ཡི་རྩིས་ཁྲའི་ཁུངས་སྣེ་རྩད་བཤེར”གྱི་དམངས་ཕན་ཞབས་ཞུའི་ལས་དོན་ཚོད་ལྟའི་ངང་སྤེལ་ཏེ། “དྲ་ཕྱིར་དབང་སྤྲོད་དང་དྲ་ཐོག་ཡོངས་བཤེར”གྱི་བྱེད་སྟངས་གསར་པ་བཟོས་པས། འདས་པོའི་གཉེན་ཉེས་དངུལ་ཁང་གི་ལས་ཚིགས་སུ་རེ་ཞུའི་དཔྱད་ཡིག་བསྐྱལ་ཚེ། ཐེངས་གཅིག་ཁོ་ནར་ཁུངས་སྣེའི་ཆ་འཕྲིན་འཚོལ་ཐུབ་ནས་ས་ཆ་མང་པོར་འགྲོ་དགོས་ཀྱི་མེད་པ་རེད།

མིག་སྔར། ཞབས་ཞུ་དེ་དངུལ་ཁང་6གི་ལས་ཚིགས་11ལ་ཁྱབ་ཅིང་། ཁྲིམས་མཐུན་ཤུལ་འཛིན་པ་ཡིན་ཕྱིན་རེ་ཞུ་སྒྲུབ་གཉེར་བྱེད་ཆོག “དངུལ་ཁང་མང་པོར་སྐྱོད་པ”ནས“དངུལ་ཁང་གཅིག་ལས་སྐྱོད་མི་དགོས་པའི”བར་ལ། མང་ཚོགས་ལས་ཚིགས་མང་པོར་སྐྱོད་པ་དང་ཡང་ནས་བསྐྱར་དུ་འདྲི་བའི་ལས་སྒྲུབ་ཀྱི་དཀའ་གནད་འབྱུང་རྩ་ནས་བསལ་ཏེ། དངུལ་རྩའི་ཞབས་ཞུས་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱས་ཡོད།


འབྲེལ་ཡོད་གསར་འགྱུར།