དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འོན་ལྐུགས་ཨ་མའི་ན་ཚ་བཅོས། དགའ་བའི་འཛུམ་མདངས་སླར་ཡང་གྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​གསར་འགོད་པ། གནམ་ཕྱུག་རྒྱལ།   |     སྤེལ་དུས།  2026-09-23


    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སི་ཁྲོན་སློབ་ཆེན་ཧྭ་ཤིས་ཁ་ནད་སྨན་ཁང་རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གི་རུ་དཔོན་སྨན་པ་ཝང་ཁྲེང་ལིན་སོགས་ཀྱིས་བོད་རིགས་འོན་ལྐུགས་ཨ་མར་སྨན་བཅོས་བྱེད་བཞིན་པ།

    འདི་ནི་སྨན་པ་ཝང་ཁྲེང་ལིན་གྱིས་སོ་སྨན་དང་། སོ་ཤད། སོ་སྐུད་སོགས་མཁོ་ཆས་བླུགས་པའི་བདེ་སྲུང་ཐུམ་སྣོད་ནད་པར་སྤྲོད་བཞིན་པ།

    འདི་ནི་སྨན་ཞབས་ལི་ཝན་ཕིང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུན་ཤེས་ཤོག་བྱང་ལ་བལྟས་ནས་གཤགས་བཅོས་རྗེས་ཀྱི་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱེད་བཞིན་པ།

    ནད་མེད་བདེ་བའི་ལུས་པོ་ནི་སྲོག་ལྡན་སུ་ལ་མཚོན་ནའང་གལ་ཆེན་ཡིན་པ་ནི་སྨོས་ཅི་དགོས། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སི་ཁྲོན་སློབ་ཆེན་ཧྭ་ཤིས་ཁ་ནད་སྨན་ཁང་རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གི་རུ་དཔོན་སྨན་པ་ཝང་ཁྲེང་ལིན་གྱིས་བོད་རིགས་འོན་ལྐུགས་ཨ་མ་ཞིག་གི་སོ་ནད་བཅོས་ནས་ན་ཟུག་གི་གདུང་བ་བསལ་བ་རེད།

    དེ་ཡང་ཨ་མ་རྒན་མོ་ཁོང་ནི་ལྷན་སྐྱེས་ཀྱི་ཁ་ཤོ་རྐན་ཤོ་དང་འོན་ལྐུགས་ཀྱི་ནད་ཡོད་པ་ཞིག་རེད། དེར་བརྟེན་སོ་ན་ནས་བཟོད་ཐབས་མེད་ནའང་ངག་ནས་བརྗོད་ཐབས་བྲལ། དེ་སྔོན། ཡུལ་ཕྱོགས་མང་པོར་སྨན་བཅོས་བྱེད་དུ་སོང་ནའང་ནད་གཞི་ངོས་འཛིན་གསལ་པོ་མ་ཐུབ་པ་དང་། ད་དུང་ཁ་ཤོ་རྐན་ཤོ་ཡིན་པའི་རྐྱེན་གྱིས་ཁ་སྦུག་གི་གྲུབ་སྟངས་རྦད་དེ་རྒྱུན་གཏན་མིན་པའི་ཁར་སྨན་པ་དང་ལབ་གླེང་ཐུབ་ཀྱི་མེད་པས། ཉེན་ཁ་ཆེ་ལ་རྙོག་འཛིང་ཆེ་བའི་ནད་གཞི་འདི་ལྟ་བུར་སྨན་ཁང་མང་པོས་སྨན་བཅོས་བྱེད་བསམས་ཀྱང་སྤྱིར་ན་ཐབས་ཤེས་བཟང་པོ་མ་རྙེད་པར་ལུས།

    ཁ་རྒྱུན་དུ། བཟུང་ན་ལག་པ་ཚིག གློད་ན་རྫ་མ་ཆག་ཅེས་ཟེར་བའི་དཔེ་བཞིན་དུ། ནད་ཀྱི་གདུང་བ་སེལ་མཁན་སྨན་པ་དང་སྐད་སྒྲ་མི་ཐོས་པའི་འོན་ལྐུགས་ནད་པའི་དབར་འབྲེལ་འདྲིས་ཀྱི་འགལ་རྐྱེན་དང་དཀའ་སྡུག་ཆེན་པོ་དེ་ལྟར་འཕྲད་ཀྱང་། རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གི་རུ་དཔོན་སྨན་པ་ཝང་ཁྲེང་ལིན་གྱིས་བྱམས་བརྩེ་དང་སྙིང་སྟོབས་ཀྱི་གོ་ཆ་ལེགས་པར་གྱོན་ནས་ནད་པར་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། ནད་གཞི་ནི་འགྲམ་སོའི་སོ་རྒྱུངས་དོས་དྲག་གཉན་ནད་ཡིན་པར་ངོས་འཛིན་གསལ་པོ་ཐུབ་པ་རེད། ཁ་ཆུ་མང་པོ་ཡོད་པ་དེས་མགྲིན་པ་བརྣང་ཉེན་ཡོད་པར་བརྟེན། གཞོགས་གཅིག་ལ་སྦྲིད་སྨན་བརྒྱབ་ནས་རིམ་པ་བཞིན་སྨན་བཅོས་བྱ་རྒྱུའི་ཐག་བཅད། གཤགས་བཅོས་མ་བྱས་གོང་། སྨན་པ་ཧོང་ཤིན་ཆི་དང་སྨན་ཞབས་ཧུའུ་ལི་ཡིས་རོགས་རམ་བྱས་ནས་ཁ་ཤེལ་བརྒྱབ་སྟེ། སོའི་གནས་ཚུལ་ཞིབ་ཕྲ་དང་ཁ་ཤོ་རྐན་ཤོ་ལས་སོའི་སྨན་བཅོས་ལ་འཕྲད་སྲིད་པའི་ཉེན་ཁར་་ཚོད་དཔག་གང་ལེགས་བྱས། གཤགས་བཅོས་བྱེད་རིང་། སྨན་པ་ཝང་ཁྲེང་ལིན་གྱིས་ས་གནས་དེའི་སྨན་པ་རྣམས་ལ་སྔོན་ཐོན་གྱི་ཆ་རྐྱེན་མེད་པའི་སྐབས་སྨན་བཅོས་ཇི་ལྟར་བྱེད་དགོས་ལུགས་དམར་ཁྲིད་བྱས་ཤིང་། ས་མཐོའི་ཡུལ་དུ་ཧྭ་ཤིས་ཁ་ནད་སྨན་ཁང་གི་སྨན་བཅོས་ལག་རྩལ་དེ་བུམ་པ་གང་བྱོའི་ཚུལ་དུ་བསླབས་པ་རེད།

    སྨན་བཅོས་བྱེད་རིང་། སྨན་པ་ཝང་ཁྲེང་ལིན་གྱིས་ནད་པས་སྐད་ཆ་ཤོད་མི་ཐུབ་པ་གསལ་པོར་ཤེས་པས། ལག་བརྡ་བྱས་ནས་ནད་པ་དང་འབྲེལ་འདྲིས་བྱས་པ་མ་ཟད། ནད་པའི་མིག་མདངས་དང་རྣམ་འགྱུར་ལ་བརྟགས་ནས་དུས་ཐོག་ཏུ་གཤགས་བཅོས་བྱེད་སྟངས་ལའང་དེ་བསྟུན་གྱིས་འགྱུར་བ་བཏང་བ་རེད། མཇུག་མཐར། སྨན་པ་དང་སྨན་ཞབས་ཡོངས་ཀྱིས་གཞོགས་འདེགས་ཡག་པོ་བྱས་པའི་མཐུན་རྐྱེན་ལ་བརྟེན་ནས་སྨན་པ་ཝང་ཁྲེང་ལིན་དང་སྨན་ཞབས་ལི་ཝན་ཕིང་གིས་དུས་ཡུན་ཐུང་ངུའི་ནང་འགྲམ་སོའི་སོ་རྩ་ནས་གཤགས་ཏེ་སྨན་བཅོས་གནད་སྨིན་བྱས་པས། ཨ་མ་རྒན་མོ་དེའི་ནད་གདུང་ཡོངས་སུ་བསལ་བ་རེད།

    གཞན་ཡང་། ཨ་མ་རྒན་མོར་དམིགས་བསལ་གྱི་ལྟ་རྟོག་དང་བྱམས་སྐྱོང་ཞིབ་ཚགས་བྱས་པ་སྟེ། ཨ་མ་རྒན་མོའི་ཁ་སྦུག་གི་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པར་དམིགས་ནས་སྨན་པ་ཝང་ཁྲེང་ལིན་གྱིས་སོ་སྨན་དང་། སོ་ཤད། སོ་སྐུད་སོགས་མཁོ་ཆས་བླུགས་པའི་བདེ་སྲུང་ཐུམ་སྣོད་ཁོང་གི་ལག་པར་སྤྲད་པ་དང་ཆབས་ཅིག་སྨན་ཞབས་ལི་ཝན་ཕིང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུན་ཤེས་ཤོག་བྱང་ལ་བལྟས་ནས་གཤགས་བཅོས་རྗེས་ཀྱི་དོ་སྣང་བྱེད་དགོས་པའི་དོན་རྣམས་གསལ་བཤད་ཞིབ་ཕྲ་བྱས་པ་རེད།

    འགལ་རྐྱེན་བསལ་བ་ནས་མཛུབ་ཁྲིད་ཟོལ་མེད་དང་། ནད་གཞི་བཅོས་པ་ནས་བྱམས་སྐྱོང་རྣམ་དག་བར་གྱི་སྤྱོད་བཟང་རེ་རེ་ནི། རྒྱལ་ཁབ་སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་ལག་ལེན་དངོས་ལ་བརྟེན་ནས་སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཕྱོགས་པའི་དམངས་ཕན་གྱི་སྲིད་ཇུས་ལག་བསྟར་བྱས་པ་ཞིག་རེད། ཐག་རིང་ལུང་ཁུག་གི་མི་སེར་རྣམས་ལ་སོ་སོའི་སྒོ་རྩར་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པར་བྱས་པའི་རྐྱེན་ལས། མཐར་ནད་གདུང་གིས་མནར་བའི་བོད་རིགས་ཨ་མ་ཁོང་གི་བཞིན་ལ་དགའ་བའི་འཛུམ་ཞལ་སླར་ཡང་བཞད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།