རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས།
“མི་ཚང་མར་ཐོགས་མེད་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གཉེར་བ།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གསུམ་པ་འཚོག་རིང་། རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་ཡིས་དབན་གོ་ཕོ་བྲང་དུ“མི་ཚང་མར་ཐོགས་མེད་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐུན་མོང་ཐོག་གཉེར་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅཱ་ཀུའེ་ཏེ་ཡིས་བསྟན་དོན། ཐོགས་མེད་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་མཚོན་ཚུལ་གལ་ཆེན་ཞིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་ཐོག“མི་ཚང་མར་ཐོགས་མེད་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་པའི་འདུ་ཤེས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་ཡོད། ཐོགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་གསུམ་འཁོར་བའི་སྐབས་འདིར་ཀྲུང་གོས་སྐབས་འདིའི་ལས་འཛིན་ལྷན་ཚོགས་ཐོག་སླར་ཡང་ཐོགས་མེད་གྲོས་ཆོད་བཏོན་ནས་ཐོགས་མེད་འཛུགས་སྐྲུན་ལ་བསམ་ཕྱོགས་གསར་པ་མཁོ་འདོན་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། ད་ཐེངས་ཀྱི་འགྲེམས་སྟོན་གཉེར་བ་ནི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཐོགས་མེད་འཛུགས་སྐྲུན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་ལས་སྟེགས་ཡག་པོ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས་ལོ་གཅིག་འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།