དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འབོ་གསེར་མཉམ་ལས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ”

    ​—— ཧིན་རྡུ་ཉི་ཞི་ཡའི་ཚོང་ལས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཤིས་ལཱ་དབན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-23

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས‘གདོང་ལེན་ཆེན་པོ་བཞི’བྱེད་དགོས་པའི་འདོད་ཚུལ་གལ་ཆེན་བཏོན་གནང་བ་དེས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་འགྲན་སློང་གཙོ་བོར་ལན་སློག་ཡོད་ལ། འབོ་གསེར་རྒྱལ་ཁབ་ཀྱིས་དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་བཟོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་བར་ཡང་ཕན་ཐོགས་ཡོད” ཉེ་ཆར་ཧིན་རྡུ་ཉི་ཞི་ཡའི་ཚོང་ལས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཧྥ་ཅཱར·ཤིས་ལཱ་དབན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོས་ཚན་རྩལ་དང་། བཟོ་སྐྲུན་ལས་རིགས། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ། ཤེས་བྱ་མཉམ་སྤྱོད་དང་། མ་འཇོག ལག་རྩལ་མཉམ་ལས། མི་ཤུགས་མ་རྩ་གསར་སྤེལ་སོགས་ཀྱི་བྱ་ཐབས་བརྒྱུད་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ”ཅེས་བརྗོད།

    ཤིས་ལཱ་དབན་གྱིས། “ཀྲུང་གོས་འབོ་གསེར་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་གསར་སྤེལ་དངུལ་ཁང་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། ‘འབོ་གསེར+’ཀྱི་མཉམ་ལས་བྱེད་སྟངས་ཐོག་མར་བཏོན་ནས་བཟོ་ལས་ཕྱོགས་སྒྱུར་དང་། གྲངས་འཛིན་ཅན། ལྗང་མདོག་འཕེལ་རྒྱས། གསར་དར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་ནི་འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བའི་དཔེ་མཚོན་ཞིག་རེད”ཅེས་བརྗོད།

    ཤིས་ལཱ་དབན་གྱིས། ཀྲུང་གོས་སྣེ་ཁྲིད་དེ་ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་མཉམ་ལས་ལྟེ་གནས་འཛུགས་པ་དང་། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པར་སྐུལ་འདེད་གཏོང་བ། འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཀྱི་སྤྱི་སྤྱོད་ཆེད་དོན་ཁུལ་སྔོན་ལ་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས“དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པར་གོ་སྐབས་དེ་བས་མང་བ་བཏོད་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་རྩིས་ནུས་དང་། ཤེས་ལྡན་པ་གསོ་སྐྱོང་། མཉམ་འབྲེལ་ཞིབ་སྤེལ། ལག་རྩལ་ཁྱབ་གདལ་དང་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་འདོགས་ངེས་རེད”ཅེས་བརྗོད།

    ཤིས་ལཱ་དབན་གྱིས། “འབོ་གསེར་མཉམ་ལས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ནི་སྣ་མང་རང་བཞིན་ལ་ཐུག་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་འཕེལ་རྒྱས་གཏོང་སྟངས་མི་འདྲ་ནའང་ཐུན་མོང་འཕེལ་རྒྱས་ལ་དམིགས་པ་དང་རྒྱུན་མཐུད་མཉམ་ལས་གཏིང་ཟབ་ཏུ་གཏོང་ཐུབ་པ་དེ་ཐོག་ནས་སྒོ་དབྱེ་བསྟུན་མཁས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཡོད། 2025ལོར་ཧིན་རྡུ་ཉི་ཞི་ཡ་འབོ་གསེར་རྒྱལ་ཁབ་ནང་ཞུགས་པ་ནི་འཕེལ་ཕྱོགས་དེའི་མཚོན་ཚུལ་ཞིག་རེད། འབོ་གསེར་རྒྱལ་ཁབ་ནང་ཞུགས་པ་དེ་ཧིན་རྡུ་ཉི་ཞི་ཡས་ཡུན་རིང་ལག་ལེན་བསྟར་བའི་རང་བཙན་རང་བདག་དང་དགེ་མཚན་ལྡན་པའི་ཕྱི་འབྲེལ་སྲིད་ཇུས་དང་མཐུན་པས། དེས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕྱི་འབྲེལ་གྱི་བར་མཐོངས་རྒྱ་ཆེར་གཏོང་བར་ཕན་པ་ཡོད་པ་མ་ཟད། ཧིན་རྡུ་ཉི་ཞི་ཡས་གསར་དར་ཁྲོམ་རའི་རྒྱལ་ཁབ་གཞན་དག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པར་ཡང་གོ་སྐབས་དེ་བས་མང་བ་བཏོད་ཡོད”ཅེས་བརྗོད།

    ཤིས་ལཱ་དབན་གྱིས། མི་ཐབས་རིག་ནུས་དང་། རིག་ནུས་བཟོ་སྐྲུན། ཐོན་ལས་རིམ་སྤོར། ལྗང་མདོག་ལག་རྩལ་སོགས་མདུན་གྲལ་ཁྱབ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། “དེ་བས་གལ་འགངས་ཆེ་བ་ཞིག་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་གློག་རྫས། གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ལེགས་ཆ་དེ་དག་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་དང་འབྲེལ་མཐུད་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་ཆོག”ཅེས་ཤིས་ལཱ་དབན་གྱིས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།