2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་པེ་ཅིང་དུ་སྤེལ་བ།
ལི་ཀན་ཅེ་བྱེད་སྒོར་ཞུགས་ནས་དྲིལ་བསྒྲགས་གཟའ་འཁོར་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ།
ཟླ་9ཚེས་21ཉིན། 2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་པེ་ཅིང་དུ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་བྱེད་སྒོར་ཞུགས་ནས་དྲིལ་བསྒྲགས་གཟའ་འཁོར་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བརྙན་ཐུང་བསྟན་ཞིང་། མི་རིགས་56གི་འཐུས་མིས་ཐུན་མོང་ཐོག་གྲོས་འགོ་བཏོན་དོན། མི་རིགས་ཁག་གི་བུ་ཕྲུག་གིས་རླབས་ཆེན་མེས་རྒྱས་སྲུང་སྐྱོང་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་འཛིན་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྐུལ་འདེད་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་པ་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། དྲིལ་བསྒྲགས་གཟའ་འཁོར་གོ་སྐབས་སུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་དེ་ཉིད་མོས་སེམས་དང་གོང་བུ་སྒྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པར་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
ས་ཡུལ་དངོས་སུ“མི་རིགས་མཐུན་སྒྲིལ་བྱས་ཏེ་ཕུགས་འདུན་འགྲུབ”ཅེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་དང་གསར་བརྗེའི་ཁུལ་རྙིང་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་པའི་རྒྱབ་སྐྱོར་འཆར་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་དུ་བརྙན་ཕབ་བཟོ་སྒྲིག་བྱས་པའི་ཆེད་དོན་བརྙན་ཐུང《སེའུ་འབྲུའི་མེ་ཏོག་བཞད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས》ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། མི་རིགས་ཁག་གི་ན་གཞོན་ལོ་ཆུང་གི་སྤེལ་རེས་འཆར་གཞིའི་བྱེད་སྒོའི་སྤུས་རྟགས་ཁག་དང་པོ་བཏོན་པ། འབྲེལ་ཡོད་ས་ཁོངས་ཀྱིས་པེ་ཅིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
ད་ལོའི་དྲིལ་བསྒྲགས་གཟའ་འཁོར་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་བཅའ་ཁྲིམས་དངོས་སུ་ལག་ལེན་བསྟར་རྗེས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་ཐོག་མ་དེ་ཡིན་ཞིང་། དེའི་ནང“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད། བསྐྱར་དར་རླབས་པོའི་ཆེའི་རྒྱང་ལམ་དུ་འབད་པས་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན། ཁྲིམས་འཛིན་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།