ནང་སོག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་སྐུལ་འདེད་བཏང་ནས།
སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ། ཀྲུང་ཧྭའི་བུ་ཕྲུག་སེམས་པ་གཅིག་ཏུ་སྦྲེལ།
ནང་སོག་ཁོར་ཆིན་རྩྭ་ཐང་དུ་སྟོན་ཆར་བར་མེད་འབབ་ཅིང་གནམ་ས་ཤིན་ཏུ་ཡངས།
ཆར་རྗེས་ཀྱི་ཤིང་ཨན་མོང་ཁོར་ཆིན་ཡིའུ་དབྱི་ཀྲུང་ཆི་ཞི་རི་ཏའོ་པུའུ་ཀ་ཁྲར་འཁྲུག་ཆ་དོད་ཅིང་། མི་རིགས་ཁག་གི་མང་ཚོགས་རྡོ་ཅོག་ཅིག་གི་འགྲམ་དུ་བསྐོར་ནས་བསྡད་ཡོད་པ་དང་། འདིར“ཁྱིམ་གྱི་སྒོ་རྩར་ཅི་འཕྲོས་མོལ་འཕྲོས་བཤད་མཁན་རུ་ཁག”གིས་སྒྲིག་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།
“མི་ཚོས་རྟག་ཏུ་ཤོད་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཟེར་བ་ཡང་སྙིང་ཅི་ཞིག་ཡིན”
“དུས་ཆེན་གཏོང་སྐབས་ཚང་མ་མཉམ་དུ་ཞིམ་ཟས་ཟ་བ་དང་། ན་ཏ་མུའུ་ཡི་དུས་ཆེན་ལ་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས། ཁྱེད་རང་གི་ཡུལ་སྲོལ་གོམས་གཤིས་ལ་ངས་བརྩི་འཇོག་བྱེད་པ་དང་། ངའི་དུས་ཆེན་གཏོང་སྐབས་ཁྱེད་རང་དེའི་ནང་ཞུགས་པས་མི་རིགས་ཁག་གི་མི་དམངས་ཇི་ཙམ་འགྲོགས་པར་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་འགྲོ་གི་འདུག”
“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱིས་ང་ཚོ་ཞིང་འབྲོག་པར་དངོས་ཕན་ཅི་ཞིག་འདོགས་ཐུབ”
“ཚང་མས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་བསྒྲིམས་ཚེ། མཉམ་དུ་འཚོ་བ་ཡག་པོ་སྐྱེལ་ཐུབ”
ཁྱོད་ཀྱིས་གཅིག་བཤད་ང་ཡིས་གཅིག་གླེང་ནས་སྐད་ཆ་ཤོད་ཀྱིན་དགད་མོ་དགོད་ཀྱིན་གྱི་ཁྲོད་དུ་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་། དུས་རབས་གསར་པའི་སྲིད་ཇུས། ཤེས་དཔལ་གྱི་སྲོལ་གསར་སོགས་ནི་སྦྲང་ཆར་སིལ་མ་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན།
“ས་གནས་དེ་གའི་ཞིང་འབྲོག་པ་ཁ་ཐོར་དུ་གནས་པའི་དོན་དངོས་ལ་དམིགས་ནས། ང་ཚོས་ཆི་དང་། སུའུ་མུའུ་(གྲོང་རྡལ) ཀ་ཁྲ(གྲོང་ཚོ)བཅས་རིམ་པ་གསུམ་ལ་ཁྱབ་པའི‘ཁྱིམ་གྱི་སྒོ་རྩར་ཅི་འཕྲོས་མོལ་འཕྲོས་ཤོད་མཁན་རུ་ཁག’བཙུགས་པ་མ་ཟད་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བཤད་དེ་སྒྲོག་འགྲེལ་བྱེད་པར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཉན་འདོད་པ་དང་། ཤེས་ཐུབ་པ། ངེས་ཐུབ་པ་བཅས་བྱེད་ཀྱི་ཡོད”ཅེས་ཁོའོ་ཡིའུ་ཀྲུང་ཆི་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་ཆི་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཀྲི་གོ་ཡིས་ངོ་སྤྲོད་བྱས་ཤིང་། མིག་སྔར་རུ་ཁག་དེས་ལོ་རེར་ཆ་སྙོམས་སྒྲོག་འགྲེལ་ཐེངས་3000ལྷག་ཙམ་བྱས་པས་མང་ཚོགས་མི་ཐེངས་ཁྲི་12ལ་ཕན་པ་ཐོབ་ཡོད།
མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ནི་སྦྲང་ཆར་སིལ་མས་སྐྱེ་དངོས་བརླན་པ་བཞིན་དགོས་པ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པ་དེ་གཙོ་བོ་དམངས་ཀྱི་སེམས་ལ་ཟུག་ཐུབ་པ་དགོས།
“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ། ཀྲུང་ཧྭའི་བུ་ཕྲུག་སེམས་པ་གཅིག་ཏུ་སྦྲེལ། ལོ་ངོ་སྟོང་གི་ཤུག་པའི་རྩ་བ་མཉམ་ཏུ་སྦྲེལ། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཨེར་ཏུའོ་སི་གྲོང་ཁྱེར་ཇུན་གར་ཆིའི་མན་ཧན་དམངས་གཞས་ཀྱི་སེམས་མཐུན་ཟློས་གར་ཁང་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མན་ཧན་དམངས་གཞས་ཀྱི་འགྱུར་ཁུགས་དང་བསྟུན་ནས། “མན་ཧན་དམངས་གཞས་གཏོང་། ཚང་མ་དགའ་ཞིང་མཐུན”ཞེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་འཁྲབ་སྟོན་བྱེད་བཞིན་ཡོད།
“སྒྲོག་འགྲེལ་འཁྲབ་སྟོན་གཟའ་འཁོར་རེའི་གཟའ་པ་སངས་དང་སྤེན་པའི་ཕྱི་དྲོར་དུས་བཀག་ལྟར་བྱེད་ཀྱི་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་དུ་གཏོང་བའི་སྐོར་མན་ཧན་དམངས་གཞས་ཀྱི་གཞས་ཚིག་ལ་བསྒྱུར་ནས། རིགས་པའི་གཞུང་ལུགས་ཁྲོམ་ཆེན་སྲང་ལམ་དང་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པའི་མཐའ་མའི་འགག་གནད་བསལ་བས། མང་ཚོགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་ལ་མྱོང་རོལ་བྱེད་རིང་ཁོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་བསམ་པ་སྐྱོང་སྤེལ་བྱེད་ཀྱི་ཡོད”ཅེས་ཇུན་གར་ཆི་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཧའོ་ཤང་མེ་ཡིས་ངོ་སྤྲོད་བྱས་ཤིང་། མིག་སྔའི་བར་འཁྲབ་སྟོན་ཐེངས་40ལྷག་ཙམ་བྱས་ཡོད་པ་རེད།
རིག་གནས་ཀྱི་མོས་སེམས་ནི་ཆེས་གཏིང་ཟབ་པའི་མོས་སེམས་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན།
“1947ལོའི་ཟླ་4པའི་ཟླ་སྨད་ནས་ཟླ་5པའི་ཟླ་སྟོད་བར། ནང་སོག་མི་དམངས་འཐུས་མི་ཚོགས་ཆེན་འདི་གར་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ལྗོངས་དང་པོ་དེ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད” ཤིང་ཨན་མོང་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི་ལྔ་གཅིག་ཚོགས་གནས་སུ་སླེབས་སྐབས་བརྗིད་ཉམས་ལྡན་པའི་ཚོགས་ར་དང་གཞུང་བཀལ་སྦྱར་ཚིག་གིས་མི་རྣམས་ལོ་ངོ་བཅུ་ཕྲག་འགའི་གོང་གི་སྤྱིར་བཏང་མིན་པའི་ལོ་ཟླར་སླེབས་པ་ལྟར་སྣང་།
“ང་ཚོའི་རྩྭ་ཐང་གི་ནམ་ལངས་སོང་། རྩྭ་ཐང་སྟེང་འཚོ་བའི་མི་རྣམས་ཀྱི་སྐྱིད་པའི་ཉི་མ་དངོས་གནས་ཤར་གྲབས་འདུག” ཡུལ་རྣམ་ཟློས་གར《ལྔ་གཅིག་ཚོགས་ཆེན》འཁྲབ་སྟོན་བྱས་པ་དང་བསྟུན་ནས་ཡུལ་སྐོར་བ“ཚོགས་ཞུགས་འཐུས་མིར”གྱུར་ནས། དབྱིངས་ཞུགས་རྣམ་པའི་སྒོ་ནས་གསར་བརྗེའི་དྲན་ཤེས་འཚོལ་ཞིབ་བྱེད་ཞོར་གསར་བརྗེའི་སློབ་གསོ་དང་དུ་བླངས་ཡོད།
“ང་ཚོས་གསར་བརྗེའི་དཔེ་ཀློག་འདུ་ཚོགས་འཚོག་པ་དང་། ཤོག་དྲས་འདྲ་གཟུགས་བཟོ་བ། རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ན་ཚོད་མི་འདྲ་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་གྱི་ཡོད”ཅེས་ནང་སོག་མི་རིགས་བཅིངས་འགྲོལ་དྲན་གསོ་ཁང་གི་ཀོན་ཀྲང་གཞོན་པ་ཧྥང་ཝུའེ་ཡིས་བཤད།
མི་རིགས་ཀྱི་འབྱུང་འགྱུར་བྱིས་པར་རག་ལུས་ཡོད། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་བྱིས་པའི་སེམས་སུ་ཟུག་པར་བྱེད་དགོས།
ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སློབ་འབྲིང་སུམ་ཅུ་པས(ནང་སོག་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་གྲྭ་གཉིས་པ)སློབ་ཁྲིད་བྱེད་སྟངས་བསྒྱུར་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་ཁང་དུ་སྤེལ་ནས་ས་ཡུལ་དངོས་དང་སྤྱི་ཚོགས་ཐོག་ཏུ་སྤེལ་ཡོད། “ང་ཚོས་གནའ་གཞུང་ཉམས་གསོ་དང་། ཡིག་གཟུགས་སྦྱོང་བ། རི་མོ་འབྲི་བ། མི་རིགས་ཀྱི་ཞིམ་ཟས་བཟོ་བ་སོགས་ཁྱད་ལྡན་རིག་གནས་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཏེ། སློབ་ཚན་སྐབས་མཉམ་སྤྱོད་དང་། ཞིབ་སྦྱོང་གི་ལག་ལེན་བསྟར་བ། དང་བླངས་ཞབས་ཞུ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད། ‘ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’འདུ་ཤེས་སློབ་མའི་སེམས་ནང་བརྟན་པོར་ཟུག་པར་བྱེད་ཀྱི་ཡོད”ཅེས་སློབ་སྤྱི་ཏུང་ཧྲོང་ལུང་གིས་བཤད།
སློབ་གྲྭས་རྟེན་མཛོད་ཁང་དང་སློབ་གྲྭ་མཉམ་ལས་ཀྱི་ལས་སྟེགས་ལ་བརྟེན་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་ནང་སོག་རྟེན་མཛོད་ཁང་དུ་བསྐྱོད་ནས“སྐེ་དར་དམར་པོའི་འགྲེལ་བཤད་པ”བྱས་ཏེ་བྱིས་པའི་ངག་ནས་ས་གནས་ཁག་དབར་གྱི་ཡུལ་སྐོར་བར་ནང་སོག་གི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་ལོ་རྒྱུས་བརྗོད་ཀྱི་ཡོད། “ང་ཚོས‘སྐོར་སྐྱོད་རྟེན་མཛོད་ཁང’གི་ཁྱད་ལྡན་སློབ་ཚན་རྒྱུན་མཐུད་འཚོགས་ནས། ན་གཞོན་ལོ་ཆུང་གི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་ལོ་རྒྱུས་དྲན་ཤེས་ཀྱི་ཁུངས་འདེད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཀྱི་ཡོད”ཅེས་ནང་སོག་རྟེན་མཛོད་ཁང་སྤྱི་ཚོགས་སློབ་གསོ་པུའི་སློབ་གསོའི་གཙོ་འགན་འཁུར་མཁན་ལིའུ་ཧུང་ཤོན་གྱིས་ངོ་སྤྲོད་བྱས།
ད་ཆའི་ནང་སོག་གི་ས་གཞི་ཆེ་མོར་མི་རིགས་མཐུན་སྒྲིལ་གྱི་ས་བོན་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་བཏབ་ཡོད་པས། ཚང་མས་ལག་གདང་སྦྲེལ་ནས་ཁ་ཕྱོགས་གཅིག་ཏུ་མདུན་སྐྱོད་བྱེད་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇི་ཙམ་གྱིས་བརྟན་དུ་གཏོང་བ་དེ་ཙམ་གྱིས་སྲ་བརྟན་དུ་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།