ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ། འབྲས་བཟང་སྨིན་པའི་དུས་ཚིགས་ཤར།

འདི་ནི་ཡུལ་མིས་གཡུལ་ལས་གཏོང་བཞིན་པ།
ཟླ་དགུ་པར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་རྒྱུད་རོང་གྲོང་ཚོའི་ཞིང་ནང་དུ། བརྔ་བསྡུའི་འཕྲུལ་འཁོར་དང་སྲོལ་རྒྱུན་གྱི་ལོ་ཏོག་རྔ་སྟངས་ལ་བརྟེན་ནས་བཙས་མ་བརྔ་བཞིན་ཡོད་པ་དང་ཞིང་པ་ཚོའི་ངོ་གདོང་ལས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། བྲེལ་བརྩོན་ཆེ་བའི་གཟུགས་བརྙན་དང་། རྒྱང་རིང་གི་སྔོ་ལྗང་རི་བོ། དེ་བཞིན་ཉེ་འགྲམ་གྱི་གྲོང་ཚོ་བཅས་ལས་མི་སེམས་རབ་ཏུ་འགུལ་བའི་སྟོན་བསྡུའི་དཔེ་རིས་ཤིག་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།