རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཆེད་དོན་སྒྲོག་འགྲེལ་བྱས་པ།
ཚེས་20ཉིན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》(གཤམ་དུ《སྐུལ་སྤེལ་བཅའ་ཁྲིམས》ཞེས་བསྡུ་རྒྱུ)ཀྱི་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་ཚོགས་འདུར་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཞིབ་འཇུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཆེད་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བཅས་ཡིན་པའི་ཡའོ་ཡུས་ཆེད་དོན་སྒྲོག་འགྲེལ་བྱེད་པར་གདན་དྲངས་པ་རེད། ཡའོ་ཡུས་ཀྱིས《ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད། དམངས་གཉེར་ཁེ་ལས་ཀྱིས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད》ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། 《སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་དང་། བཅའ་ཁྲིམས་དོན་ཚན་གྱི་གཞི་རྩའི་ནང་དོན་དང་ལྟེ་བའི་དོན་སྙིང་། ཁེ་ལས་ཀྱི་བཀོལ་སྤྱོད་རིམ་ངོས་ཀྱི་གཙོ་གནད་དོན་ཚན། མི་རིགས་མཐུན་སྒྲིལ་དང་དམངས་གཉེར་དཔལ་འབྱོར་མཉམ་འདྲེས་ལག་ལེན་སོགས་ལ་དམིགས་ནས། བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད། ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་སྒྲོག་འགྲེལ་དེ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་པ་ཞིག་རེད་ལ། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱང་བྱས་འདུག 《སྐུལ་སྤེལ་བཅའ་ཁྲིམས》ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་ཡང་དག་བླངས་ནས། དུས་རབས་གསར་པའི་དམངས་གཉེར་ཁེ་ལས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།