དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་རིའི་མཐོ་སློབ་10ཡི་གཞོན་ནུ་སློབ་མར་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-23

    ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཀྲུང་ཨའི་གཞོན་ནུའི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོར་ཞུགས་པར་ཡོང་བའི་ཨ་རིའི་མཐོ་སློབ་10ཡི་གཞོན་ནུ་སློབ་མར་འཕྲིན་ལན་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོས་ཀྲུང་གོར་སྤྲོ་སྣང་ལྡན་ལ་བརྗེད་པར་དཀའ་བའི་འགྲུལ་བཞུད་བྱས་པ་གོ་ཐོས་བྱུང་རྗེས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོའི་འཕྲིན་ཡིག་ནང་ཀྲུང་ཧྭའི་ཤེས་དཔལ་ལ་དགའ་པོ་བྱེད་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་རེ་སྒུག་བྱེད་པ། ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་མཛའ་གྲོགས་ཀྱི་ཕོ་ཉ་བྱེད་འདོད་ཡོད་པར་ང་རང་དགའ་པོ་བྱུང་།

    ཞི་ཅིན་ཕིང་གིས་ཀྲུང་ཨའི་གཞོན་ནུ་སའི་གོ་ལ་གཅིག་ཏུ་གནས་པ་དང་དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་བཞིན་ཡོད། ཁྱེད་ཚོས་མུ་མཐུད་རྒྱལ་ཁབ་གཉིས་པོའི་རྒྱ་ཆེའི་གཞོན་ནུ་དང་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ཀྱི་རྒྱུན་འཛིན་པ་དང་། སྲུང་སྐྱོང་པ། འཕེལ་རྒྱས་པ་བཅས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་འཆམ་མཐུན་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཉེ་ཆར། ཨ་རིའི་ཧ་ཧྥུའུ་སློབ་ཆེན་སོགས་མཐོ་སློབ་10ཡི་གཞོན་ནུ་སློབ་མ་བརྒྱ་ཙམ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ།“2026ལོའི་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་མཉམ་དུ་ཡུལ་སྐོར་དུ་སྐྱོད་པ”སོགས་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོར་ཞུགས་རིང་ཐོབ་པའི་གྲུབ་འབྲས་དང་མྱོང་ཚོར་བརྗོད་པ་དང་འབྲེལ་ཀྲུང་ཨའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་པའི་སྐོར་ཡང་བརྗོད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།