དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-22

    ཀྲུང་གོའི་ལུས་རྩལ་རུ་ཁག་གི་འཐུས་མི་ཚོགས་པ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།

    འདི་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་པར་བླངས།

    འདི་ནི་ཟླ་9ཚེས་20ཉིན། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཡུས་ཙེ་ཏི(མདུན)བུད་མེད་ཀྱི་སྨི་200ཡི་ཕྱེ་ལེབ་རྐྱལ་གྱི་མཐའ་བསྡུར་ལ་ཞུགས་བཞིན་པ།

    འདི་ནི་ཟླ་9ཚེས་20ཉིན། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཐུང་ཤིང་བུད་མེད་ཀྱི་ཐའེ་ཅི་དྲག་རྩལ་དང་ཐའེ་ཅི་གྲི་རྩེད་ཀྱི་ཀུན་ཐུབ་འགྲན་བསྡུར་ལ་ཞུགས་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་པར་བླངས།

    ཉེ་ཆར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་འགོ་ཚུགས་མཛད་སྒོ་རི་པིན་མིང་ཀུའུ་ཝུའུ་གྲོང་ཁྱེར་རུད་སུའེ་སྤྱི་གླིང་གི་མཆོང་རྒྱུག་འཕེན་གསུམ་ར་བར་གཉེར་ཡོད་པ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ཡི་འཐུས་མི་ཚོགས་པའི་ཁོངས་མི་རྣམས་དེ་གར་མཉམ་དུ་འཛོམས་ནས་ཨེ་ཤེ་ཡའི་ལུས་རྩལ་གྱི་འགྲན་ཚོགས་གཟབ་རྒྱས་དངོས་སུ་འགོ་ཚུགས་པ་རེད།འདི་ནི་ཀྲུང་གོའི་ལུས་རྩལ་རུ་ཁག་གི་འཐུས་མི་ཚོགས་པ་ལུས་རྩལ་ཐང་དུ་སྐྱོད་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་པར་བླངས།

    ཟླ་9ཚེས་20ཉིན། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀྲང་མིང་ཡུས(གཡས)དང་ཝུའུ་ཤིས་ཡའོ་དེང་རབས་རྣམ་གྲངས་ལྔའི་བུད་མེད་ཚོགས་པའི་རྣམ་གྲངས་ཀྱི་འཕེན་རྒྱུག་འགྲན་བསྡུར་ལ་ཞུགས་བཞིན་པ།

    འགོ་ཚུགས་མཛད་སྒོ་ཚར་རྗེས་ཀྱི་འགྲན་བསྡུར་ཉིན་དང་པོ། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་11དང་། དངུལ་གྱི་རྟགས་མ་6 ཟངས་ཀྱི་རྟགས་མ་3བཅས་བླངས་པ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།