དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

    དུས་རབས་གསར་པའི་ཚུན་དུ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཁྲང་ཡུས། ལིའུ་པོ་ཐུང་། ཆི་ཡུས་ཁུན།   |     སྤེལ་དུས།  2026-09-22

    ཉམས་གསོ་བྱས་པའི་ཤིས་ཅིས་དང་། ཧའེ་ཡོན། ཀུའུ་ཡོན་བཅས་ཀྱི་གདོད་མའི་རྣམ་པ་དང་། བྱེ་རླུང་གང་སར་འཚུབ་པའི་གར་སྟེགས་ཀྱི་རྣམ་པ། ཧྥུའུ་ཅན་དང་ཉིང་ཞ་ཡི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རོལ་དབྱངས་ལ་སོགས། མི་རིང་བའི་གོང་། ཧྥུའུ་ཅན་དང་ཉིང་ཞ་མཉམ་ལས་ཀྱི་གཏམ་རྒྱུད་བརྗོད་པའི་ཁང་ཁྱིམ་ཟློས་གར《རི་དང་མཚོ》ཞེས་པ་ཉིང་ཞ་ཡུང་ཉིང་རྫོང་མིང་ཉིང་གྲོང་རྡལ་དུ་འཁྲབ་སྟོན་བྱས་པར་ཡུལ་སྐོར་བ་མང་པོས་བསྔགས་བརྗོད་ལན་མང་བྱས་པ་རེད།

    ལོ་ངོ་30ཡི་གོང་། ཧྥུའུ་ཅན་དང་ཉིང་ཞ་མཉམ་ལས་བྱེད་འགོ་བཙུགས་ནས་དུས་དང་བར་སྟོང་ལས་བརྒལ་བའི“རི་མཚོའི་བརྩེ་བའི”གཏམ་རྒྱུད་ཀྱི་འགོ་བརྩམས་ཤིང་། ལོ་ངོ་30ཡི་རིང་ཧྥུའུ་ཅན་གྱི་ཉིང་སྐྱོར་ལས་བྱེད་པ་ཁག་རིམ་པ་བཞིན་གྱིས་ལེགས་སྐྱེས་བརྟན་སྲུང་དང་མུ་མཐུད་འབད་འཐབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་བྱེ་ཐང་སྐམ་པོ་དེ་ཕྱུག་འགྱུར་གྱི་བྱེ་ཐང་ལ་བསྒྱུར་ཡོད།

    མིང་ཉིང་གྲོང་རྡལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བའི་བསྡུས་རིས་ཤིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་ཇུས་འགོད་གནང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་དང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    ཞོགས་པའི་ཉི་གཞོན་འཆར་འདྲ་དང་། རྦ་རླབས་ལང་ལོང་འཕྱུར་བ་བཞིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་14ལྷག་ཙམ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་འགྱིང་ངེར་ལངས་པ་དང་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་འཕེལ་ཕྱོགས་འགོག་ཐབས་བྲལ།

    སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་བརྟན་དུ་སོང་ཡོད།

    བརྗིད་ཉམས་ལྡན་པའི་རི་བོ་ཐེན་ཧྲན་ནི་སྔོན་ཆད་ཤིན་ཅང་གི་ལྷོ་བྱང་ལོཌ་སུ་དབྱེ་བའི་རང་བྱུང་སྲུང་བཅད་ཅིག་རེད། ད་ཆ་ཁྱོན་རིང་ཚད་སྤྱི་ལེ་22.13ཡོད་པའི་རི་བོ་ཐེན་ཧྲན་གྱི་རྒྱལ་ཁའི་ཕུག་ལམ་དེ་ཉིད་རི་བོ་ཐེན་ཧྲན་བརྒྱུད་རང་བྱུང་འགག་བཙན་དེ་བདེ་ལམ་ཞིག་ཏུ་གྱུར་ཡོད།

    “མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་བཏོན་པས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་བརྟན་དུ་སོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།

    ——“ཀྲུང་ཧྭ་མི་རིགས”རྩ་ཁྲིམས་ནང་བཀོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་པ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ”དེ་བཟོ་བཅོས་བརྒྱབ་རྗེས་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ནང་བཀོད་པ། ས་གནས་མང་པོ་ཞིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་བཟོས་པ་ལ་སོགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    —— ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དེ་སློབ་དེབ་དང་། སློབ་ཚན། གདེང་འཇོག་མ་ལག་བཅས་སུ་འཇུག་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་སློབ་གསོའི་མ་ལག་བཅས་སུ་བཅུག་ནས“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་པ་འབྲི་ཆུའི་ལྷོ་བྱང་གང་སར་ཁྱབ་ཡོད།

    མི་རིགས་གཅིག་ཀྱང་ཉུང་མི་རུང་བར་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།

    ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། སྲིད་ཇུས་དང་བྱེད་ཐབས་མང་པོ་བཏོན་པ་དང་རོགས་སྐྱོར་བྱེད་ཤུགས་ཆེན་པོ་སྔར་བྱུང་མ་མྱོང་བ་དང་། གྲངས་ཉུང་མི་རིགས་ཁག་དང་མི་རིགས་ས་ཁུལ་ཁག་གིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པས་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།

    ཡུན་ནན་ཀུང་ཧྲན་རི་བོའི་ཏུའུ་ལུང་རིགས་ནི་རི་ཁྲོད་གྲོག་རོང་དུ་ཆགས་པའི་གྲངས་ཉུང་མི་རིགས་ཤིག་རེད། གཞུང་ལམ་དང་པོ་དེ་ཤར་གཏོང་ཐུབ་པ་དང་། ཕུག་ལམ་དང་པོ་དེ་ཏལ་འབིབས་ཐུབ་པ། བདེ་སྡོད་ཁང་པ་སྟར་པ་དང་པོ་དེ་བསྐྲུན་པ་བཅས་དང་བསྟུན་ནས་ཏུའུ་ལུང་རིགས་འདི་ཉིད་གོམ་སྟབས་སྤོ་ཐེངས་གཅིག་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུ་བྱུང་ཡོད།

    བོད་ལྗོངས་ཉིང་ཁྲིའི་ཀ་ལ་གྲོང་ཚོ་ནི་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”ཞིག་ཡིན་པ་དང་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྤུས་རྟགས་བཏོད་དེ། དམངས་སྲོལ་གནས་ཚང་དང་འཐུ་བསྡུའི་འདེབས་འཛུགས་ར་བར་བརྟེན་ནས་གྲོང་མི་ཕྱུག་པོར་གྱུར་ཏེ“རི་སྔོན་ཆུ་དྭངས་དགོས་ལ་གསེར་རི་དངུལ་རིའང་དགོས་པ”དེ་དངོས་ཡོད་དུ་གྱུར་བ་རེད།

    འཕོ་འགྱུར་ཆེན་པོ་རེ་རེས་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་གྲུབ་ཡོད།

    རྒྱལ་ཡོངས་མི་རིགས་རང་སྐྱོང་ས་གནས་ཀྱི་རྫོང་དབུལ་པོ་420ཚང་མ་དབུལ་ཞྭ་ཕུད་པ་དང་མི་རིགས་ས་ཁུལ་དུ་རིམ་རྩིས་བརྒྱབ་ན་དབུལ་པོ་ཁྲི་3000ལྷག་ཙམ་ཉུང་དུ་ཕྱིན་ཡོད། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་མི་རིགས་ས་ཁུལ་གྱི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོའི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་མི་རིགས་གཅིག་ཀྱང་ཉུང་མི་རུང་།

    མཐའ་དར་དམངས་ཕྱུག་དང་། ཐོན་ལས་རོགས་སྐྱོར། སློབ་གསོ་རིམ་སྤོར་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་བྱས་པ་དང་། སྐྱེ་ཁམས་དང་། ཡུལ་སྐོར། རིག་གནས་བཅས་ལ་བརྟེན་ནས་ཕྱུག་འགྱུར་ཐབས་ལམ་རྒྱུན་ཆད་མེད་པར་ཡངས་སུ་ཕྱིན་ཡོད། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རྒྱུགས་ལན་མི་རིགས་ས་ཁུལ་དུ་གནད་སྨིན་ངང་ཕུལ་ཡོད།

    འཛམ་གླིང་ཡང་རྩེར་གློག་དྲ་ཡོངས་སུ་ཁྱབ་པ། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་སོགས“གློག་ཤུགས་མཁའ་ལམ”མཚོ་བོད་ས་མཐོར་ཕྱོགས་བཞི་མཚམས་བརྒྱད་དུ་འབྲེལ་མཐུད་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི“འོད་སྣང་དྲ་རྒྱ”དང་། “དམངས་འཚོའི་དྲ་རྒྱ”“བདེ་སྐྱིད་དྲ་རྒྱ”བཅས་རེ་རེ་བཞིན་བསྐྲུན་ཡོད།

    གྲངས་གཞི་ཁག་གཅིག་གིས་འཕེལ་རྒྱས་ཀྱི་མྱུར་ཚད་ལ་བདེན་དཔང་བྱས་པ་སྟེ། 2020ལོ་ནས་2025ལོ་བར། རང་སྐྱོང་ལྗོངས་5ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.01ནས་སྒོར་དུང་ཕྱུར་ཁྲི་8.66བར་འཕར་བ་དང་ལོ་རེར་ཆ་སྙོམས་5.5%འཕར་ཡོད། 2025ལོར། རང་སྐྱོང་ལྗོངས་5ཡི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.73དང་སྒོར་ཁྲི་2.16སོ་སོར་ཟིན་པ་དེ་2020ལོ་དང་བསྡུར་ན་27.4%དང་45%སོ་སོར་འཕར་ཡོད།

    ལག་གདང་དཔུང་སྦྲེལ་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་མཐུན་སྒྲིལ་འབད་འཐབ་བྱས་པ།

    ཟླ་མཆོད་དུས་ཆེན་འཆར་ཉེའི་སྐབས་སུ་ནང་སོག་གི་འོ་སྤྲིས་བཟོས་པའི་ཟླ་མཆོད་བག་ལེབ་བྲིན་ཁ་རྒྱུག་པོ་བྱུང་ནས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    འོ་སྤྲིས་བཟོས་པའི་བག་ལེབ་ཆུང་ཆུང་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཉམ་འདྲེས་དང་། དཔལ་འབྱོར་གཅིག་ལ་གཅིག་བརྟེན། བརྩེ་དུང་ཟབ་མོ་བཅས་འདུས་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད་ལ། མི་རིགས་ཁག་གི་མི་དམངས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

    མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ཟབ་གཏོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།

    མི་རིགས་ཀྱི་ཞབས་བྲོ་དང་། ཐང་ཆེན་ཞབས་བྲོ། རླུང་གཡབ་ཞབས་བྲོ་བཅས་ཀྱི་སྟངས་སྟབས་སྒེག་ཉམས་དོད་པ་དང་། བསིལ་གྲིབ་འོག་ཏུ་བསྡད་པའི་གྲོང་མི་ཚོས་དགོད་སྒྲ་ལྷང་ལྷང་དུ་གྲགས་པ། ཕྲུ་གུ་ཚོས་ཁོད་སྙོམས་ལ་རྒྱ་ཆེ་བའི་སྔོ་ལྗང་ལམ་བུའི་ཐོག་རྩེད་འཇོར་རོལ་བ་ལ་སོགས། ས་སྲོས་མཚམས་སུ་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། སྡེ་ཁུལ་དེའི་ནང་རྒྱ་རིགས་དང་། ཧུད་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས་མང་པོ་མཉམ་དུ་སྡོད་པ་དེ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་དཔེ་མཚོན་སྡེ་ཁུལ་ཞིག་རེད།

    མཚོ་སྔོན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྲི་གྲོང་རྡལ་དུ་རྒྱ་རིགས་དང་། ཧོར་རིགས། བོད་རིགས། ཧུད་རིགས། མན་ཇུ་རིགས། སོག་རིགས་སོགས་མང་ཚོགས་ཀྱིས་མཉམ་དུ་ཞིང་ཁ་འདེབས་པ་དང་། ལས་ཀ་བྱེད་པ། འཚེམ་དྲུབ་རྒྱག་པ། ཆང་སྙོལ་བ། ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ་བཅས་བྱས་པས་སྔ་ས་ནས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་རྣམ་པ་ཞིག་གྲུབ་ཡོད།

    ཕྱོགས་མི་མང་པོ་དང་མཉམ་འདྲེས་ཆེན་པོ་ལས་མི་རིགས་ཁག་གི་བུ་ཕྲུག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་ཐུབ་ཅིང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མི་ཁྲི་3300ལྷག་ཙམ་ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱི་1/3ལྷག་ཙམ་གྲོང་ཁྱེར་དང་ཁ་ཐོར་ས་ཁུལ་དུ་གནས་སྡོད་བྱེད་པ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི་དང་། མི་རིགས་ཁག་གི་མང་ཚོགས་དབར་སྒར་རེས་རྣམ་པའི་འཕེལ་རྒྱས་འཆར་གཞི། ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་སོགས་སྤེལ་ནས་ལག་ལེན་བསྟར་བཞིན་ཡོད་པ་ལས་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་སྔར་བྱུང་མྱོང་མེད།

    རླབས་ཆེ་ཤོས་ཀྱི་སྟོབས་ཤུགས་ནི་སེམས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ལག་གདང་དཔུང་སྒྲིག་དང་ཁ་འབྲལ་ཐབས་མེད་པས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།

    ཤར་ནུབ་མཉམ་ལས་དང་། ཁ་གཏད་བོད་སྐྱོར། ཁ་གཏད་ཤིན་སྐྱོར། ཁ་གཏད་མཚོ་སྐྱོར་སོགས། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤུན་ཉེ་ལྟར་གྱི་བརྩེ་བ་བཅངས་པ་ལས་མི་སེམས་འགུལ་བའི“རི་མཚོའི་བརྩེ་བ”ཟབ་མོ་ཆགས་པ་དང་། “གཉེན་ཉེ”ལྟ་བུའི་བརྩེ་སེམས་གྲུབ་པ་དང་མི་སེམས་འགུལ་བའི་གཏམ་རྒྱུད་གྲངས་ལས་འདས་པ་བཏོད་པ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་པའི་སྦྲེལ་ཐག་ཆེན་པོ་ཆགས་ཡོད།

    “མི་རིགས་ཁག་མཐུན་སྒྲིལ་ཆེ་མོའི་ཀྲུང་གོ་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་རྣམ་པར་རྒྱལ་ངེས་ཡིན་པ་དང་། འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལྡན་ངེས་ཡིན་པ། རང་རེའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་ངེས་ཡིན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་ཡིན་པ་བཅས་རེད”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལག་གདང་དཔུང་སྦྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་འདི་ཉིད་མོས་སེམས་དེ་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པར་འགྱུར་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།