དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་ཤང་ཀང་དུ་འཚོགས་པ།


  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-22

    སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་ཤང་ཀང་དུ་འཚོགས་པ།

    སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་བློ་མཐུན་གྱིས་རྣམ་པ་སྣ་ཚོགས་བརྒྱུད་སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་པོས་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་ཡང་གནང་བ།

    “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐད་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་མཁན་དང་། སྐད་གྲགས་ཡོད་པའི་རྒྱལ་གཅེས་མི་སྣ། ཕུལ་དུ་བྱུང་བའི་སྤྱི་ཚོགས་བྱེད་སྒོ་མཁས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པ་དང་། སྐབས་བཅུ་གཅིག་པ། སྐབས་བཅུ་གཉིས་པ། སྐབས་བཅུ་གསུམ་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དང་པོ་དང་གཉིས་པའི་སྲིད་འཛིན་དཔོན་བཅས་ཡིན་པའི་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་ཟླ་9ཚེས་20ཉིན་ཤང་ཀང་ཞུགས་འབུལ་ཁང་དུ་འཚོགས་པ་རེད།

    སྐུ་ཞབས་ཏུང་ཅན་ཧྭ་སྙུང་གཞིས་རྐྱེན་པས་2026ལོའི་ཟླ་9ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་57ལ་ཤང་ཀང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་89རེད།

    སྐུ་ཞབས་ཏུང་ཅན་ཧྭ་སྙུང་གཞི་ལྕི་པོ་ཕོག་རིང་། ཀྲུང་དབྱང་གིས་ཁོང་གི་སྙུང་གཞིར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་ལ་འཚམས་འདྲི་ཞུ་བའི་བཀའ་སློབ་གནང་བ་དང་། འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་ཞུས་པ་མ་ཟད། སྐྱོབ་བཅོས་གང་ཐུབ་ཅི་ཐུབ་ཞུ་དགོས་པའི་བླང་བྱ་ཡང་བཏོན་གནང་ཡོད།

    སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་བློ་མཐུན་གྱིས་རྣམ་པ་སྣ་ཚོགས་བརྒྱུད་སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་པོས་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་སེམས་གསོ་འཚམས་འདྲི་ཡང་གནང་བ་རེད།

    ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེན་དབྱིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཏུང་ཧྥུང་། ཀྲུང་གུང་ཀྲུང་དབྱང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་བཅས་སྤྱི་མཆོད་མཛད་སྒོར་ཞུགས་པ་རེད།

    ཚེས་20ཉིན་གྱི་སྔ་དྲོར། ཤང་ཀང་ཞུགས་འབུལ་ཁང་དུ་བཀོད་སྒྲིག་བྱས་པའི་སྐུ་ཞབས་ཏུང་ཅན་ཧྭ་ཡི་གདུང་ཁང་བརྗིད་ཉམས་ཆེ་ལ་སྒམ་བརླིང་ལྡན་ཞིང་། མྱ་ངན་རོལ་དབྱངས་དལ་བུར་གྲགས་འོང་། གདུང་ཁང་གི་ཐོད་དུ“སྐུ་ཞབས་ཏུང་ཅན་ཧྭ་ལ་ཡིད་ཤིན་ཏུ་སྐྱོ་པོས་མྱ་ངན་ཞུ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཅིག་དང་དེའི་གཤམ་འོག་ཏུ་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་པར་བཀལ་བ་དང་། སྐུ་ཞབས་ཏུང་ཅན་ཧྭ་ཡི་པུར་སྒམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་གྱིས་བཀབ་པ། འདས་པོའི་སྐུ་པར་གྱི་མདུན་དུ་སྐུ་ཞབས་ཏུང་ཅན་ཧྭ་ཡི་གཉེན་ཉེས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་བཞག་ཡོད།

    སྔ་དྲོའི་ཆུ་ཚོད་9པར། སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་འགོ་ཚུགས་ཤིང་། སྐབས་དེར་ཚང་མས་གུས་སྟབས་ཀྱིས་ཡར་ལངས་ནས་མྱ་ངན་ཞུས་པ་རེད། སྤྱི་མཆོད་མཛད་སྒོ་སྐུ་ཞབས་ཏུང་ཅན་ཧྭ་འདས་མཆོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལེང་ཀྲེན་དབྱིང་གིས་གཙོ་སྐྱོང་གནང་བ་རེད།

    འདས་མཆོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧྲི་ཐའེ་ཧྥུང་གིས་སྤྱི་མཆོད་མཛད་སྒོར་མྱ་ངན་ཞུ་ཚིག་བསྒྲོན་ཞིང་། ཁོང་གིས་མྱ་ངན་ཞུ་ཚིག་སྒྲོན་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐད་ཀྱི་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་མཁན་དང་། སྐད་གྲགས་ཡོད་པའི་རྒྱལ་གཅེས་མི་སྣ། ཕུལ་དུ་བྱུང་བའི་སྤྱི་ཚོགས་བྱེད་སྒོ་མཁས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་བཅས་ཡིན་པའི་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་ཚེ་ཧྲིལ་པོ་དང་དེ་བཞིན་ཁོང་གིས་རྒྱལ་ཁབ་དང་། ཤང་ཀང་། སྤྱི་ཚོགས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཕྱིར་དྲན་གནང་བ་རེད།

    དེ་རྗེས་སྤྱི་མཆོད་མཛད་སྒོར་ཞུགས་མཁན་མི་སྣ་ཡོངས་ཀྱིས་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་པར་ལ་གུས་འདུད་ལན་གསུམ་ཞུས་པ་དང་། རིམ་བཞིན་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་ཕུང་གི་མདུན་དུ་ཕེབས་ནས་རྒྱལ་གཅེས་མི་སྣ་གྲགས་ཅན་ཁོང་ལ་མཐའ་མའི་ཞལ་གྱེས་ཞུས་པ་མ་ཟད། ད་དུང་སྐུ་ཞབས་ཏུང་ཅན་ཧྭ་ཡི་གཉེན་ཉེར་སེམས་གསོ་འཚམས་འདྲི་ཡང་གནང་བ་རེད།

    ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞིའི་འགན་འཁུར་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་ཕེབས་སྐྱེལ་ཞུ་བར་བཅར་ཡོད།

    ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་། ནང་སའི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤང་ཀང་གི་ལས་རིགས་ཁག་གི་མི་སྣ་དང་། སྒྲིག་གཞི། ཚོགས་པ། དེ་བཞིན་སྐུ་ཞབས་ཏུང་ཅན་ཧྭ་སྐུ་འཚོ་བཞུགས་སྐབས་ཀྱི་མཛའ་གྲོགས་མི་སྣ་བཅས་ཀྱིས་མྱ་ངན་ཞུ་བའི་གློག་འཕྲིན་དང་མྱ་ངན་ཞུ་བའི་ཡི་གེ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།