དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འགྲེམས་སྟོན་ཚོགས་པ་ལོ་གསུམ་བསྟུད་མར་ཨ་རབ་ཀྱི་ཡུལ་སྐོར་འགྲེམས་སྟོན་ལ་ཞུགས་པ།

    “ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར”ལ་ཨ་རབ་རྒྱལ་ཁབ་ཀྱི་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅའོ་ཞང་། ཝང་ཤུས་ཁྲེན།   |     སྤེལ་དུས།  2026-09-22

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་ནས་ཡིན་པའི་མུའུ་ཧན་མོ་ཏེ་ཡིས“ང་ཚོ་ནང་མི་བརྒྱད་ཡོད། ང་ཚོ་ཚོགས་པ་གཅིག་བྱས་ནས་ཁྲུང་ཆིང་དུ་བསྐྱོད་ཆོག་གམ”ཞེས་དགའ་སྤྲོའི་ངང་ཀྲུང་གོའི་ཁྲུང་ཆིང་གི་ཡུལ་སྐོར་འོས་སྦྱོར་དཔོན་དང་སྤེལ་རེས་བྱས། མུའུ་ཧན་མོ་ཏེ་དེ་སྔོན་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་དུ་ཡུལ་སྐོར་ལ་འགྲོ་མྱོང་ལ། ཀྲུང་གོར་ཡུལ་སྐོར་དུ་ཡོང་བ་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “ང་ད་དུང་ཀྲུང་གོར་འགྲོ་འདོད་འདུག”ཅེས་ཁོང་གིས་བརྗོད།

    ཟླ་9ཚེས་14ནས་17ཉིན་བར། 2026ལོའི་ཨ་རབ་ཡུལ་སྐོར་འགྲེམས་སྟོན་ཏི་པའེ་འཛམ་གླིང་ཚོང་དོན་ལྟེ་གནས་སུ་བྱས་ཤིང་། ལོ་གསུམ་བསྟུད་མར་འགྲེམས་སྟོན་ལ་ཞུགས་པའི་ཀྲུང་གོའི་འགྲེམས་སྟོན་ཚོགས་པ་ཚོགས་ར་ཡོངས་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད། “ཁམས་བཟང་། ཀྲུང་གོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་འགྲེམས་ཁུལ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཁྲོད་ཀྱི་འགྲེམས་སྟེགས་རྒྱ་ཆེ་ཤོས་ཀྱི་འགྲེམས་ཁུལ་ཞིག་རེད། འགྲེམས་ཁུལ་དེ་ནི་དྭངས་ཤིང་གཙང་བའི་ཚོས་གཞི་ལྗང་ཁུས་རྒྱབ་ལྗོངས་གཙོ་བོར་བྱས་པ་དང་། གནའ་བོའི་རི་ཆུའི་ཡུལ་ལྗོངས་ཇུས་འགོད་ཀྱི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་པ། ཤར་ཕྱོགས་ཀྱི་མཛེས་རིག་དང་དེང་རབས་འགྲེམས་སྟོན་ལག་རྩལ་མཉམ་འདྲེས་ནུས་ལྡན་བྱས་ཡོད་པས། ས་གནས་དེ་ག་དང་རྒྱལ་སྤྱིའི་ལྟད་མོ་བ་མང་པོའི་ཡིད་དབང་འཕྲོག་པ་མ་ཟད། དེ་ལས་ད་དུང“ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར”གྱི་ཡིད་དབང་འགུག་ཤུགས་ཀྱང་མངོན་ཡོད།

    ཕ་ཁི་སི་ཐན་གྱི་ཚོང་པ་ཞ་པ་ཙི་ཡིས་ངའི་ཀུང་སི་དང་ཀྲུང་གོའི་དབར་ཚོང་དོན་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད་མོད། འོན་ཀྱང་། ཀྲུང་གོར་གཞུང་དོན་སྒྲུབ་པར་སྐྱོད་རིམ་བཞིན་ཚོགས་འདུ་འཚོགས་པ་དང་ལས་སྒོའི་སྐོར་ལ་ངོ་འཕྲད་གྲོས་མོལ་བྱེད་པ་ལས་མ་འདས། ད་ཐེངས་ཀྱི་འགྲེམས་ཚོགས་ལས་ངར་ཀྲུང་གོ་དང་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱེད་པའི་གོ་སྐབས་ཤིག་ཐོབ་བྱུང་ཞེས་གསར་འགོད་པར་བརྗོད།

    ཀྲུང་གོའི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་དུས་མཚུངས་ལས་20.4%འཕར་བ་དང་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་31.1%འཕར་ནས་ཞབས་ཞུ་ཕྱིར་གཏོང་ཁྱབ་ཁོངས་མདུན་གྲལ་ལྔ་ཡི་གྲས་སུ་སླེབས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་དབྱང་གིས་ལྟེ་གནས་ཀྱིས་ལོ་གསུམ་བསྟུད་མར་འགྲེམས་སྟོན་ལ་ཞུགས་ཡོད། དེའི་རིང་ཀྲུང་གོའི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་60ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ས་ཁུལ་གྱི་ཁེ་ལས་དང་ངོ་འཕྲད་གྲོས་མོལ་བྱས་ནས་ཀྲུང་གོའི་ཡུལ་སྐོར་ཐོན་ཁུངས་དང་། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱི་ཐོན་རྫས་གསར་པ། ཡུལ་སྐོར་སྟབས་བདེ་ཅན་གྱི་སྲིད་ཇུས་བཅས་ངོ་སྤྲོད་བྱས་པ་ཡིན་ཞེས་བརྗོད། བསྡོམས་རྩིས་ལ་གཞིགས་ན། 2025ལོ་ཧྲིལ་པོར་མཚོ་ཁུག་རྒྱལ་ཁབ་དྲུག་གི་སྤྱི་དམངས་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་མི་ཐེངས་ཁྲི་15ལས་བརྒལ་བ་དེ་2024ལོ་ལས་100.78%འཕར་ཡོད། དེའི་ནང་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་ཡིན་པ་ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་མི་གྲངས་110%དང་113%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།