“གོ་སྐབས་ཀྱིས་ཕྱུག་པའི་ཀྲུང་གོ འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་ཀྲུང་གོའི་རིག་གནས་འོས་སྦྱོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། དུས་ཡུན་ཉིན་གསུམ་གྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་2026ལོའི་སྤྱི་པའི་གླེང་སྟེགས་སུའེ་ཙེར་གྱི་རི་ནེ་ཝར་འགོ་ཚུགས་པ་རེད། ཉིན་དེར“གོ་སྐབས་ཀྱིས་ཕྱུག་པའི་ཀྲུང་གོ འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་ཀྲུང་གོའི་རིག་གནས་འོས་སྦྱོར་གྱི་རིམ་སྤེལ་བྱེད་སྒོ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་གཙོ་གཉེར་བྱས་པ་དང་། གླིང་ལྔའི་ཁྱབ་སྤེལ་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མི་ཆོས་རིག་གནས་སྤེལ་རེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་བཅོས་སྐྱོང་གི་བགྲོ་གླེང་ནང་མཉམ་འདྲེས་ནུས་ལྡན་བྱས་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་འཐུས་མི་དང་གོ་ལ་ཧྲིལ་པོའི་ཆབ་སྲིད་དང་། ཚོང་དོན། རིག་གཞུང་བཅས་ལས་རིགས་ཀྱི་སྐུ་མགྲོན་4000ལྷག་ཙམ་ལ་ཀྲུང་གོའི་རིག་གནས་ཀྱི་འདུ་ཤེས་འོས་སྦྱོར་བྱ་རྒྱུ་དེ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལི་ཡུང་ཧྲ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝེ་ལཱ་བྱེད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
བྱེད་སྒོའི་གྲུབ་ཆ་གལ་ཆེན་ཡིན་པའི་བརྗོད་དོན་གཙོ་བོ“མཐུན་འགྲོགས་ཀྱི་དབྱངས་སྒྲ”ཞེས་པའི་རིག་གནས་འཁྲབ་སྟོན་དང་སྣེ་ལེན་འདུ་ཚོགས་ཉིན་དེའི་དགོང་མོ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཚོ་འགྲམ་བསིལ་ཁང་དུ་འཚོགས་པ་རེད། འཁྲབ་སྟོན་ནང་ཀྲུང་གོའི“ཞི་མཐུན”རིག་གནས་བསམ་བློ་གཙོ་བོར་བྱས་ནས་ཅིང་ཅུས་ཟློས་གར་དང་། མི་རིགས་ཀྱི་རོལ་ཆ། ས་གནས་ཀྱི་ཟློས་གར། ཏུང་རིགས་ཀྱི་གླུ་གཞས། མི་རིགས་ཀྱི་གླུ་གར་སོགས་སྒྱུ་རྩལ་གྱི་རྣམ་པ་དང་མཉམ་འདྲེས་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཐུན་འགྲོགས་མཉམ་གནས་ཀྱི་རིག་གནས་ནང་དོན་བརྒྱུད་སྤྲོད་བྱས་ཡོད། “བཟོ་བོའི་སྙིང་སྟོབས་ལས་སྐྱེ་སྟོབས་འཕེལ”ཞེས་པའི་རྒྱལ་སྲོལ་རིག་གནས་བསམ་བཀོད་འགྲེམས་སྟོན་དུས་མཉམ་དུ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།