དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་དབྱི་ཝུའུ་རུ“ཚོང་འཐེན་རྣམ་པའི་ཡུལ་སྐོར”བྱེད་མང་བའི་ནམ་དུས་ཤར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-22

    འདི་ནི་ཉེ་ཆར། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་གི་ནང་འདྲེན་ཚོང་ཁང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཁྲོམ་རར་གཅིག་འཐུས་རྣམ་པའི་ཚོང་ཟོག་ཉོ་སྒྲུབ་ཀྱི་སྤྲོ་སྣང་ཉམས་ལེན་བྱེད་བཞིན་པ།

    ཉིན་ཤས་རིང་། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་གི་ནང་འདྲེན་ཚོང་ཁང་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་ཅིང་། ཁོང་ཚོས་ཁྲོམ་རར་གཅིག་འཐུས་རྣམ་པའི་ཚོང་ཟོག་ཉོ་སྒྲུབ་ཀྱི་སྤྲོ་སྣང་ཉམས་ལེན་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “ཚོང་ཟོག་བྲིན་ཁ་རྒྱུག་ཤོས་ཀྱི་ནམ་དུས”འཆར་ཉེར་ཡོད་པ་དང་བསྟུན་ནས“ཚོང་འཐེན་རྣམ་པའི་ཡུལ་སྐོར”དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཏེ་དབྱི་ཝུའུ་ཡི“འཛམ་གླིང་སྒོ་རྩིས་ཚོང་ཁང”གི་ཟོག་ཉོའི་ཡུལ་སྐོར་ལ་ཉོ་མཁན་མང་ཤོས་ཀྱི་ནམ་དུས་ཤར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།