དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་རི་པིན་གྱི་མིང་ཀུའུ་ཝུའུ་གྲོང་ཁྱེར་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-22

    འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་གི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཡིན་པ།

    ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་རི་པིན་གྱི་ཨའེ་ཀྲི་རྫོང་མིང་ཀུའུ་ཝུའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་འཐུས་མི་ཚོགས་པའི་ལུས་རྩལ་པ་ཁྲི་1.1ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    འདི་ནི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་བཅུ་བཞི་པ་ཡིན་ཞིང་། འཐུས་མི་ཚོགས་པ་ནི་ལུས་རྩལ་པ་815ལས་གྲུབ་པ་དང་། རྣམ་གྲངས་ཆེ་གྲས་38དང་རྣམ་གྲངས་ཆུང་གྲས་369ཡི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    འགྲན་བསྡུར་གཉེར་བའི་དུས་ཚོད་ནི་ཟླ་9ཚེས་19ཉིན་ནས་ཟླ་10ཚེས་4ཉིན་བར་ཡིན་པ་དང་། ཁྱོན་རྣམ་གྲངས་ཆེ་གྲས་43དང་ཡན་ལག་རྣམ་གྲངས་71བཀོད་སྒྲིག་བྱས་པར་གསེར་གྱི་རྟགས་མ་ཐོབ་མཁན་469ཐོན་རྒྱུ་རེད། ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་སོགས་ཀྱི་འགྲན་བསྡུར་ཁག་གཅིག་སྔ་སྣུར་དུ་འགོ་ཚུགས་པ་དང་། ཕྱོགས་བསྡུས་འཛིང་རེས་དང་། ཐའེ་ཁེ་སྤོ་ལོ། རྟོག་བཟོའི་ཐེ་ཆོན་ཏའོ་དྲག་རྩལ་སོགས་རྣམ་གྲངས་གསར་པ་མང་པོ་ཞིག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་འགྲན་བསྡུར་ཐེངས་དང་པོ་བྱ་རྒྱུ་ཡིན་པས་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ལྟ་གཞི་གསར་པ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།