མཚོ་སྔོན་མདོ་ལའི་འབྲི་གཡག་ལ“རྒྱལ་མཚོན་མིང་ཅན”གྱི་ཁས་ལེན་དཔང་འདོན་རག་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ནས་གཏམ་བཟང་གྲགས་པ་སྟེ། མདོ་ལའི་འབྲི་གཡག་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསར་པའི་མིང་གཞུང་ནང་དངོས་སུ་ཚུད་ནས། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསར་པའི“ཐོབ་ཐང་ལག་ཁྱེར”རག་སྟེ་མཚོ་བྱང་གི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་ནོར་མཛོད་ལ་སླར་ཡང“རྒྱལ་མཚོན་མིང་ཅན”ལྗིད་ཏིག་ཏིག་ཅིག་བསྣན་པ་རེད།
ད་ཐེངས་རྒྱལ་ཁབ་རིམ་པའི་ངོས་འཛིན་མཐའ་གཅིག་ཏུ་ཐོབ་པ་དེས་འབྲི་གཡག་ཐོན་ལས་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་འཕེལ་རྒྱས་འགྲོ་བའི་སྣ་ཁའི་རྨང་གཞི་བརྟན་དུ་བཏང་ཡོད། དེ་དང་ཆབས་ཅིག་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་ཐོན་ལས་ཕྱོགས་གཉིས་ཀའི་མཐུན་རྐྱེན་མངོན་འགྱུར་བྱེད་པ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡངས་སུ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རོགས་རམ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།