དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-22

    2025ལོའི་ལོ་མཇུག་བར། ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)སྲིད་གཞུང་འགོ་ཁྲིད་ཚན་ཁག་ལ་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཚན་ཁག་གི་བསྡུར་ཚད་100%ཟིན་པ་དང་། གྲོང་ཁྱེར་ཡོངས་སུ་བུད་མེད་ལས་བྱེད་པའི་ལས་ཞུགས་མི་གྲངས་མི་ཁྲི་5.12ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་མི་གྲངས་བསྡོམས་འབོར་གྱི་46.62%བཟུང་ཡོད། གྲོང་ཁྱེར་ཡོངས་སུ་མཐོ་རིམ་ཡན་གྱི་ཆེད་ལས་ལག་རྩལ་པ་ཁྱོན་1701ཡོད་པའི་ནང་བུད་མེད་ཀྱིས་37.8%བཟུང་ཡོད་པ་རེད།

    ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་སྟེ། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་རྨང་གཞི་བརྟན་དུ་རྒྱུན་ཆད་མེད་པར་བཏང་བས། བུད་མེད་དང་བྱིས་པའི་ལྟེ་བའི་སྟོན་གྲངས་ཁག་ལེགས་ཕྱོགས་སུ་རྒྱུན་མཐུད་འཕེལ་བ་དང་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་99.5%ཡན་ཟིན་པ་དང་། སློབ་གསོའི་ཐོན་ཁུངས་དོ་སྙོམས་ཀྱི་བཀོད་པར་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། དམིགས་བསལ་བྱིས་པའི་ཚོགས་སྤྱིར་གཙོ་གནད་ཐོག་གཅེས་སྐྱོང་དང་། སློབ་སྐྱོར་རོགས་སྐྱོར་བྱ་ཐབས་ཁག་དོན་འཁྱོལ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་དགོས་རིགས་ཚང་མ་ཞུགས་ཐུབ་པ། བྱིས་པར་འདྲ་མཉམ་སློབ་གསོ་ཐོབ་པའི་གཞི་རྩའི་དབང་ཆ་ཕྱོགས་གང་ས་ཅི་ཐད་ནས་སྲུང་བ་བཅས་བྱས་པས། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་100%ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་བརྟན་སྲུང་ཐུབ་ཚད་99%ཡན་ཟིན་པ། སློབ་གྲྭ་འབྲིང་ཆུང་གི་སློབ་ན་སོན་པའི་བྱིས་པའི་ན་འཚམ་སློབ་ཞུགས་བྱེད་ཚད་99%ཡན་ཟིན་པ། དབང་པོ་སྐྱོན་ཅན་བྱིས་པའི་འོས་འགན་སློབ་གསོ་སྤྱི་ཡོངས་ལ་ཁྱབ་པ་མངོན་གྱུར་བཅས་བྱུང་ཡོད་པ་རེད། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ། ཁྲིམས་འཛིན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་ཏེ། ཕྱོགས་མང་མཉམ་འགུལ་གྱི་དབང་སྲུང་རྣམ་པ་བཏོད་དེ་ཁེ་དབང་ལ་སྲུང་སྐྱོང་གི་སྲུང་བཅད་བརྟན་དུ་བཏང་ཐོག བུད་མེད་ཀྱི་མི་ལུས་བདེ་འཇགས་སྲུང་སྐྱོང་ལ་དམིགས་པའི་བཀའ་རྒྱ་ཁག་12མཆན་སྤྲོད་བྱས་ཤིང་། བུད་མེད་85དང་ན་སོ་དར་ལ་མ་བབས་པའི་མི་77ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་ཡོད། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས། བུད་མེད་སྲིད་ཞུགས་སྲིད་གླེང་བྱེད་པའི་བསྡུར་ཚད་དང་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་པ་དང་། ཏང་ཡོན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱི་ཁྲོད་བུད་མེད་ཀྱི་བསྡུར་གྲངས་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཅིང་། གྲོང་ཁྱེར་སྲིད་གཞུང་ལས་དོན་སྡེ་ཚན་དང་རྫོང་སྲིད་གཞུང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་ཁྲོད་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཚན་ཁག་གི་བསྡུར་ཚད་62.5%དང་85.87%སོ་སོར་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།