རང་སྐྱོང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་དང་བཀོད་སྒྲིག་གི་ཆེད་དོན་ཚོགས་འདུ་འཚོཌ་པ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོཌ་འདུ་གཙོ་སྐྱོང་གནང་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཌ་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལྟར། སེམས་ནུས་ཡོད་རྒུས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རམ་འདེགས་བྱེད་པའི་སྤྱི་ཚོགས་ལས་དོན། དམིགས་བསལ་སློབ་གསོ། རང་ངོས་འཛུགས་སྐྱོང་། ལོང་བའི་འཕུར་མཉེད་སྨན་ཁང་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་སྲོལ་དང་གཏན་འབེབས་ལྟར་གྲོན་དངུལ་སོགས་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།