དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོ་གྲོང་ཁྱེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-22

    གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། ད་ལོ་ནས་བཟུང་། དངུལ་ཁང་དེས“ནང་མཁོ་རྒྱ་ཆེར་གཏོང་བ་དང་། དམངས་འཚོར་ཕན་འདོགས་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དམངས་འཚོའི་འཛད་སྤྱོད་ཁྱབ་ཁོངས་སུ་ཞུགས་པར་ཁྲིད་སྟོན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྣ་མང་འཛད་སྤྱོད་ཀྱི་དགོས་མཁོར་དམིགས་པ། འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་མཁོ་སྤྲོད་ལེགས་སུ་རྒྱུན་མཐུད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་ཀྱི་དངུལ་རྩ་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད། 2006ལོའི་ཟླ་8པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་100.13ཟིན་ནས་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་དུས་མཚུངས་ལས་26.99%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།