ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་སྟེ། རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་བཏོན་དོན། རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་སྟངས་འཛིན། མཐོ་རིམ་སློབ་གསོའི་ཁྱབ་གདལ་དུས་མཚམས་ཀྱི་འཕེལ་རྒྱས་ཁྱད་ཆོས་དང་སློབ་ན་སོན་པའི་མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་བསྟུན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་མཉམ་དུ་མི་སྣ་གསོ་སྐྱོང་། སྤྱི་འདོམས་འཆར་འགོད་ཀྱིས་སྣེ་ཁྲིད་དང་། རིགས་དབྱེ་སྒྱུར་བཅོས་ཀྱིས་སྒུལ་ཤུགས་སུ་བྱེད་པ། ཚན་རིག་དང་མཐུན་པའི་གདེང་འཇོག་ཀྱིས་སྣེ་འདྲེན་པ་བཅས་བྱས་ཏེ། ཡར་སྐྱེད་རྩེར་སོན་གྱི་མཐོ་རིམ་སློབ་གསོའི་མ་ལག་བཏོད་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་དགོས།
《བསམ་འཆར》ནང་བཏོན་དོན། རིགས་དབྱེའི་བཀོད་པ་དང་གྲུབ་ཆ་ལེགས་སུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སློབ་རིགས་དབྱེའི་འཕེལ་རྒྱས་ཀྱི་མ་ལག་བཏོད་དེ། ཕྱོགས་བསྡུས་རང་བཞིན་དང་ཁྱད་ལྡན་ཅན་གྱི་གཞི་རྩའི་ཁ་ཕྱོགས་དབྱེ་ནས། མཐོ་སློབ་རིགས་དབྱེའི་སྒྲོམ་གཞི་གཏན་འཁེལ་བྱས་ཏེ། ཁོངས་གཏོགས་ཀྱི་འབྲེལ་བར་གཞིགས་ནས་སྣ་མང་འཚམ་མཐུན་གྱི་མཐོ་སློབ་རིགས་དབྱེའི་རྣམ་པ་གཏོད་དགོས། ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་ཀྱི་མཐོ་སློབ་དང་ས་གནས་མཐོ་སློབ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་བྱེད་དགོས། མཐོ་རིམ་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པར་སྤྱི་འདོམས་བྱེད་དགོས། ཤེས་ལྡན་པའི་གསོ་སྐྱོང་གྲུབ་ཆ་ལེགས་སུ་གཏོང་བར་སྤྱི་འདོམས་བྱེད་དགོས། རྒྱལ་སྤྱི་དང་རྒྱལ་ནང་གི་ཐོན་ཁུངས་ཡག་པོ་སྤྱོད་པར་སྤྱི་འདོམས་བྱེད་དགོས།
《བསམ་འཆར》ནང་བཏོན་དོན། རིགས་དབྱེའི་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་སྟོབས་ཤུགས་བཏོད་དེ། “རྩེ་གྲས་གཉིས”འཛུགས་སྐྲུན་གྱིས་ཞིབ་འཇུག་རྣམ་པའི་སློབ་ཆེན་སྒྱུར་བཅོས་ལ་ཐོན་པའི་སྣེ་འདྲེན་ནུས་པ་གང་ལེགས་འདོན་དགོས། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ལེགས་ཁྱད་ལྡན་གྱི་བཀོལ་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་དང་རིག་ཚན་ཆེད་ལས་འཛུགས་སྐྱོང་ལས་གྲྭ་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྱོང་གི་འཆར་གཞི་ལེགས་སུ་གཏོང་དགོས། ཞབས་ཞུའི་ལས་རིགས་གསར་གཏོད་འཕེལ་རྒྱས་ཁྲོད་ཐོན་པའི་རྐང་རྟེན་སྟོབས་ཤུགས་བརྟན་དུ་བཏང་སྟེ། ལས་རིགས་ཁྱད་ཆོས་ལྡན་པའི་མཐོ་སློབ་ཀྱི་སྲོལ་རྒྱུན་དགེ་མཚན་བཏོན་ནས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་སློབ་གསོའི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རྒྱལ་ཁབ་ཀྱི་རྩེར་སོན་དང་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་དགོས།
《བསམ་འཆར》ནང་བཏོན་དོན། རིགས་དབྱེའི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མཐོ་སློབ་ཀྱིས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་དང་གཞི་ཆེའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སློབ་ཀྱི་རིགས་དབྱེའི་དོ་དམ་ལམ་སྲོལ་བཏོད་དེ། མཐོ་སློབ་ཀྱི་རིགས་དབྱེའི་འཕེལ་རྒྱས་དང་འཚམ་པའི་མཐོ་རིམ་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱ་ཐབས་ཆགས་པར་སྐུལ་འདེད་གཏོང་དགོས། མཐོ་སློབ་ཀྱི་རིགས་དབྱེའི་གདེང་འཇོག་ལམ་སྲོལ་བཏོད་དེ། འགྲན་ལམ་སྣ་མང་དང་བྱེད་པོ་སྣ་མང་གི་གདེང་འཇོག་མ་ལག་གཏོད་དགོས། ཐོན་ཁུངས་བཀོད་སྒྲིག་གི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཤེས་ལྡན་པའི་མཁོ་སྤྲོད་དང་མཐུན་པའི་ལམ་སྲོལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་སྣེ་འདྲེན་དུ་བྱེད་པའི་རིག་ཚན་ཆེད་ལས་བཀོད་སྒྲིག་སྙོམས་སྒྲིག་ལམ་སྲོལ་དང་ཤེས་ལྡན་པའི་གསོ་སྐྱོང་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་བརྒྱབ་སྟེ། རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཏང་གི་འགོ་ཁྲིད་ལག་བསྟར་བྱས་ནས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཏང་ཨུད་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁུར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་སྒྲིག་འཛུགས་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་སྐྲུལ་འདེད་བརྟན་པོ་དང་། སྔོན་དཔག་ཁྲིད་སྟོན་ལུགས་མཐུན། རྣམ་པ་བཟང་པོ་གཏོད་པ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།