དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཆུ་དམར་ལེབ་རྫོང་གི་སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-21

    ཉེ་ཆར། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གི“རྫོང་དཔོན་བུམ་པ”སྐབས་དང་པོ་དང“རྒྱལ་ཁབ་ནུས་རྒྱུ་བུམ་པ”སྐབས་ལྔ་པའི་སློབ་ཆུང་སློབ་མའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་བདེ་བླག་ངང་མཇུག་འགྲིལ་ཡོད། ད་ཐེངས་ཀྱི་འགྲན་བསྡུར་དེ་སློབ་ཆུང་སློབ་མའི་ཚོགས་ཆུང་ཁོ་ནར་ཕྱོགས་པ་དང་རྫོང་ཡོངས་ཀྱི་སློབ་ཆུང་9ཡི་རུ་ཁག་32འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་གཉེར་བ་དེས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྱབ་གདལ་ནུས་ལྡན་ཐུབ་པ་མ་ཟད། སློབ་གྲྭའི་རིག་གནས་དང་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སློབ་མའི་གཟུགས་པོའི་བྱང་ཚད་མཐོ་རུ་ཕྱིན་ནས་གཞོན་ནུ་ལོ་ཆུང་གི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད།

    འདི་ནི་སློབ་མས་རྐང་རྩེད་སྤོ་ལོ་རྒྱག་སྟངས་སྦྱོང་བཞིན་པ།

    (མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཀྲང་ཏུའོ་ཅུན་གྱིས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།