དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་དར་བའི་ཀྲུང་ཨེ་རྒྱབ་ཁབ་གཉིས་པོས་ཕན་ཚུན་སྤེལ་རེས་བྱས་ནས།

    རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མི་དམངས་ཀྱི་མཛའ་གྲོགས་ལེའུ་རྒྱུན་ཆད་མེད་པར་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-21

    འདི་ནི་ཨེ་ཅིབ་སཱ་ཁ་ལ་གཏོར་གཟུགས་མཆོད་རྟེན་གནའ་ཤུལ་ཁུལ་གྱི་གནའ་རྫས་སྔོག་འདོན་བྱ་ཡུལ་ཡིན་པ།

    འདི་ནི་ཀྲུང་ཨེའི་གནའ་རྫས་རྟོག་ཞིབ་རུ་མིས་སཱ་ཁ་ལ་གཏོར་གཟུགས་མཆོད་རྟེན་གྱི་གནའ་ཤུལ་ཁུལ་དུ་གྲངས་འཛིན་ཅན་གྱི་འཚོལ་བསྡུ་བྱེད་བཞིན་པ།

    འདི་ནི་ཨེ་ཅིབ་ལུའུ་ཁེ་སུའོ་སློབ་ཆེན་ཁུང་ཙི་སློབ་ཚན་དུ་དགེ་རྒན་གྱིས་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པ།

    ཨེ་ཅིབ་ཀྱི་ཁེ་རོའི་མཐོ་རིམ་ཉམས་བཟོའི་ལག་རྩལ་སློབ་གྲྭའི་ལུའུ་པན་བཟོ་ཁང་གི་སློབ་མས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    འདི་ནི་ཡུལ་སྐོར་བས་ཨེ་ཅིབ་ཀྱི་རྟེན་མཛོད་ཁང་ཆེ་མོར་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་གྲོང་ཁྱེར་གྱི་ཟུར་ཞིག་ཡིན་པ།

    “ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོ་ཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཡིན་པས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་མཆོག་ནོར་ཕུལ་ཡོད” ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་ཁེ་རོར་ཕེབས་ནས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་མཚམས་སུ་ས་གནས་དེ་གའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་ནས“ཤེས་དཔལ་དར་བའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ཡུལ་དུས་བརྒལ་ནས་ཕན་ཚུན་སྤེལ་རེས་བྱས་ཏེ་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མི་དམངས་ཀྱི་མཛའ་གྲོགས་ལེའུ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད”ཅེས་གསུངས་ཡོད།

    ཀྲུང་ཨེ་ནི་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་དང་ཕན་ཚུན་སྤེལ་རེས་ཐད་གྲུབ་འབྲས་ཐོབ་པའི་མིག་དཔེ་ཞིག་རེད། ཉེ་བའི་ལོ་ཤས་རིང་། གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རིག་གནས་ལོ་གཉེར་རེས་བྱེད་པ་ནས་ཕ་རོལ་རྒྱལ་ཁབ་ཏུ་འགྲེམས་སྟོན་བྱེད་པའི་བར་དང་། ཉི་ལུའོ་གཙང་འགྲམ་གྱི་ཡུལ་སྐོར་ཚ་རླབས་ནས་ཧུང་ཧའེ་རྒྱ་མཚོའི་ངོགས་ཀྱི་སློབ་གསོའི་མཉམ་ལས་བར། ཀྲུང་ཨེའི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་འགོ་འཛུགས་ས་གསར་པར། ཀྲུང་ཨེཤེས་དཔལ་དར་བའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་འབྲེལ་ཟམ་དུ་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ཀྱི་ལེའུ་གསར་མཉམ་དུ་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།