དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བསྡོམས་རྩིས་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-09-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། བསྡོམས་རྩིས་སྒྱུར་བཅོས་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་བསྡོམས་རྩིས་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་ཆེད། ཚེས་16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ《བསྡོམས་རྩིས་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་པ་རེད།

    འཆར་འགོད་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བསྡོམས་རྩིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ་བསྡོམས་རྩིས་ལམ་ལུགས་ཀྱི་བྱེད་ཐབས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་བསྡོམས་རྩིས་འཐུས་སྒོ་ཚང་དུ་གཏོང་བ། བསྡོམས་རྩིས་ཀྱི་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་བཀོད་སྒྲིག་གལ་ཆེན་མང་པོ་བྱས་ཡོད།

    འཆར་འགོད་ནང་བཏོན་དོན། དཔལ་འབྱོར་གསར་པ་དང་ཁྱབ་ཁོངས་གསར་པའི་འཕེལ་རྒྱས་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས། སྤྱི་ཚོགས་ཀྱི་དམངས་འཚོ་ལེགས་གཏོང་སོགས་ཐད་ཀྱི་བསྡོམས་རྩིས་དམིགས་ཚད་ཕུན་སུམ་ཚོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བསྡོམས་རྩིས་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། བསྡོམས་རྩིས་ཞིབ་རྩིས་ལམ་ལུགས་དང་བྱ་ཐབས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བསྡོམས་རྩིས་ཞིབ་རྩིས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་བ། ཞིབ་རྩིས་གྲངས་གཞིའི་རྒྱལ་སྤྱིའི་བསྡུར་གཞི་ཡོད་པའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་ལ་སྤུས་ཚད་མཐོ་བའི་ཞིབ་རྩིས་བྱས་འབྲས་མཁོ་འདོན་བྱེད་དགོས། ཞིང་ལས་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་བཅས་དང་དེ་བཞིན་ཐོན་ལས་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་གི་གནས་ཚུལ་དེ་བས་ལེགས་པའི་ངང་མཚོན་པར་བྱེད་དགོས།

    འཆར་འགོད་ནང་གཏན་འཁེལ་བྱས་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ལ་དམིགས་ཏེ། བརྟག་དཔྱད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསྡོམས་རྩིས་ཀྱི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།