ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དགའ་བསུ་ཞུ་བའི་མཛད་སྒོར་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཉམས་བཟང་མངོན་པ།

ཚེས་17ཉིན། མིང་ཀུའུ་ཝུའུ་མེ་ཏོག་ལྡུམ་རའི་གྲུ་ཁའི་ཕུའུ་ཧྲི་ཐང་ཆེན་དུ་འཚོགས་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་དངོས་སུ་ཞུགས་པ་རེད།
ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དགའ་བསུ་ཞུ་བའི་མཛད་སྒོ་དེ་ཟླ་9ཚེས་16ཉིན་ནས་གཉེར་འགོ་ཚུགས་པ་དང་། མཛད་སྒོའི་ཐོག་འཐུས་མི་ཚོགས་པ་ལུས་རྩལ་ཐང་དུ་འཛུལ་བ་དང་། འཐུས་མི་ཚོགས་པ་ངོ་སྤྲོད། རིག་རྩལ་འཁྲབ་སྟོན། དགའ་བསུ་ཞུ་བའི་ཤིས་ཚིག་སྒྲོན་པ། རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་པ། དྲན་གསོའི་ལག་རྟགས་སྤྲོད་པ། མཉམ་དུ་དྲན་རྟེན་པར་རྒྱག་པ་སོགས་རིམ་པ་བཞིན་བྱས་པ་རེད། དགའ་བསུ་ཞུ་བའི་མཛད་སྒོ་དེར་ཐེངས་རེར་འཐུས་མི་ཚོགས་པ་3ནས་6བར་བཀོད་སྒྲིག་བྱས་ཡོད་ཅིང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་དང་མཉམ་དུ་ཞུགས་མཁན་གྲས་སུ་ད་དུང་ཀྲུང་གོའི་ཤང་ཀང་ལུས་རྩལ་འཐུས་མི་ཚོགས་པ་དང་ཀྲུང་གོའི་ཨའོ་མོན་ལུས་རྩལ་འཐུས་མི་ཚོགས་པ་ཡོད་པ་རེད།
ཟླ་9ཚེས་19ཉིན་གྱི་འགྲན་བསྡུར་ལ་ཐེངས་དང་པོ་ཞུགས་མཁན་ཀྲུང་གོའི་བུད་མེད་ལན་ཆིའུ་སྤོ་ལོའི་ལུས་རྩལ་པ་ལིའུ་ཡུས་ཐུང་དང་། ཐང་ཙེ་ཐིང་། སུན་ཡུས། ཅ་སའེ་ཆི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། ལིའུ་ཡུས་ཐུང་གིས་ད་ཐེངས་རང་ཉིད་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་པོ་འདུག་ཅེས་བཤད། འགྲན་བསྡུར་བྱེད་ལ་ཉེ་བའི་སྐབས་ཁོང་གིས“ནུས་ཤུགས་ཡོད་རྒུས་འགྲན་བསྡུར་ལ་ཞུགས་ཏེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགྲན་ཡ་ཚང་མ་དང་འགྲན་བསྡུར་བྱ་རྒྱུ་ཡིན”ཞེས་བཤད།
སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེ་ཟླ་9ཚེས་17ཉིན་འགོ་ཚུགས་པ་དང་། སྐབས་གོང་མའི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་རུ་ཁག་དང་། ཧིན་རྡུ་ཉི་ཞི་ཡའི་རུ་ཁག ཐེ་ལན་རུ་ཁག་བཅས་Aཚོགས་ཆུང་ནང་མཉམ་དུ་ཐོན་པ་དང་ཀྲུང་གོའི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ཚེས་19ཉིན་ཐེ་ལན་རུ་ཁག་དང་འགྲན་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།