དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་གྱིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་བ།

    དམངས་ཀྱི་བྱ་བ་ཆུང་ཙག་སེམས་ལ་འདྲེན། ཐོག་མའི་བསམ་འདུན་བཅངས་ཏེ་རི་གྲོང་བསྐྱངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཡན་ཁོ། སུན་ཁྲའོ།   |     སྤེལ་དུས།  2026-09-21

    འདི་ནི་རུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་རྒྱང་ལྟ་བྱེད་སྐབས་གྲོང་ཚོ་དང་། ཞིང་སྡེ། རི་སྔོན། མྱུར་བགྲོད་གཞུང་ལམ་བཅས་ལས་སྐྱེ་ཁམས་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གྲུབ་པ།

    ཉེ་ཆར། ཧུའུ་ནན་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོའི་རོལ་དབྱངས་ཟློས་གར《ཧྲ་ཀྲོའུ་རུ་ཁྱེད་སྒུག་ཡོད》ཅེས་པ་མཇུག་འགྲིལ་ནས་གར་སྟེགས་འོག་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ལྟད་མོ་བ་ཚོས་ཟློས་གར་ཁྲོད་ནས་དེང་གི་ཧྲ་ཀྲོའུ་ཡི་ཞིང་སྡེའི་ཕྱོགས་བསྡུས་ཁུལ་དུ་ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བ་དང་། མཛེས་ལྗོངས་ཁུལ་དང་། དམངས་སྲོལ་མགྲོན་ཁང་། བཟའ་བཏུང་ཁང་བཅས་རིམ་བཞིན་ཆགས་པ་མཐོང་ཞིང་། དེ་སྔའི་རྒྱང་སྐྱོད་ཀྱི་གནས་རྟགས་དེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་གསར་པར་བསྐྱོད་ཡོད།

    1934ལོའི་ཟླ་11པར། དམར་དམག་རྒྱང་སྐྱོད་བྱེད་སྐབས་དེར་བརྒྱུད་མྱོང་བ་དང་དམར་དམག་བུད་མེད་འཐབ་འཛིང་པ་3གྱིས་ཡུལ་མི་ཞུས་ཅེ་ཤིའུ་ཡི་ཁྱིམ་དུ་གནས་ཚང་གཡར་སྐབས་ཁོང་ཚོའི་ཉལ་ཆས་གཅིག་ལས་མེད་པ་དེ་ཕྱེད་ཀ་བྲེགས་ཏེ་མི་སེར་ལ་བཞག་པ་རེད། “གུང་ཁྲན་ཏང་ཞེས་པ་གང་ལ་ཟེར་རམ། གུང་ཁྲན་ཏང་ནི་རང་ཉིད་ལ་མལ་ཆས་གཅིག་ལས་མེད་ཀྱང་ཕྱེད་ཀ་བྲེགས་ནས་མི་སེར་ལ་སྤྲོད་པ་དེར་ཟེར”ཞེས་བགྲེས་སོང་ཞུས་ཅེ་ཤིའུ་ཡི་བབ་ཆགས་པའི་སྐད་ཆ་དེ་ལས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མངོན།

    2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་རྟོག་ཞིབ་གནང་སྐབས“དམར་དམག་གིས་རང་ཉིད་ལ་ལྟོ་གོས་མི་འདང་བ་དང་ཤི་གསོན་ལ་ཐུག་པའི་གནས་ཚུལ་འོག་སེམས་ནང་ད་དུང་མི་སེར་གྱི་བདེ་སྡུག་བསམ་གྱི་ཡོད། དམངས་ཀྱི་བྱ་བ་ཆུང་ཙག་སེམས་ལ་འདྲེན”ཞེས་བསྟན་གནང་ཡོད།

    ད་ལོ་ཤིང་འབྲས་ལི་སྨིན་པའི་དུས་སུ་ཧྲ་ཀྲོའུ་ཡི་དེང་རབས་ཞིང་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་ནས་མང་ཚོགས་400ལྷག་ཙམ་སྒོ་རྩར་ལས་ཞུགས་ཐུབ་ཡོད། ཧྲ་ཀྲོའུ་ཡི་བདེ་སྐྱིད་གྲོང་གསར་དུ་འཆམ་འཆམ་བྱེད་སྐབས་ཁང་པ་གསར་པ་གྲལ་སྟར་འགྲིག་ལ་བདེ་སྐྱིད་ཟ་ཁང་དང་། རིག་གནས་ལུས་རྩལ་སྒྲིག་བཀོད། དམངས་ཕན་ཞབས་ཞུའི་ས་ཚིགས་བཅས་གང་དགོས་དེ་འཛོམས་ཡོད། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་2020ལོའི་སྒོར་ཁྲི་1.5ནས་ན་ནིང་གི་སྒོར་ཁྲི་2.8བར་འཕར་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་110ལྷག་ཙམ་ཟིན་ཡོད།

    ཧྲ་ཀྲོའུ་གྲོང་ཚོས་ཉེ་འཁོར་གྱི་གྲོང་ཚོ(སྡེ་ཁུལ)10དང་མཉམ་དུ་ཧྲ་ཀྲོའུ་ཉེ་འཁོར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐུན་མོང་འབྱོར་ཕྱུག་དཔེ་སྟོན་ཁུལ་སྐྲུན་པ་དང་། གྲོང་ཚོ་སྟོབས་ཆེན་གྱི་ཀུང་སི་4དང་མཉམ་ཕྱུག་བཟོ་ཁང་3བཙུགས་པ། ཡུག་ཁུལ་གྲོང་ཚོའི་ཆ་སྙོམས་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་11.54ནས་སྒོར་ཁྲི་34.87བར་འཕར་ཡོད། “དམར་དམག་ལ་སློབ་སྦྱོང་བྱས་ཏེ‘ཉལ་ཆས’དེ་ཇི་ཙམ་འགེབས་པ་དེ་ཙམ་གྱིས་ཆེ་རུ་དང་དྲོ་རུ་འགྲོ་ཐུབ་པ་བྱེད་དགོས”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཞུས་ཅེ་ཤིའུ་ཡི་ཡང་ཚ་ཀྲུའུ་ཤང་ཆུན་གྱིས་བཤད།

    གྲོང་ཚོ་གཅིག་གི་འགྱུར་ལྡོག་གིས་ས་ཁོངས་གཅིག་ལ་འོད་སྣང་སྦྱིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཧུའུ་ནན་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་གྱུར་བའི་མཐའ་ཚད་བརྟན་པོ་བསྲུངས་ཏེ་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་གྲུབ་འབྲས་ཚོར་ཐུབ་པ་བྱས་ཡོད།

    ཧུའུ་ནན་ཞིང་ཆེན་གྱི་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དོ་དམ་ལས་སྟེགས་ཀྱིས་སྡེ་ཚན་16གི་ཞིང་འབྲེལ་གྲངས་གཞི་རིགས་27ཕྱོགས་བསྡུས་བྱས་ཏེ“དུད་ཚང་རེར་ཐབས་ཇུས་རེའི”གནད་སྨིན་རོགས་སྐྱོར་བྱས་པ་དང་། ད་ལོའི་ལོ་སྟོད་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་མི་ཁྲི་60.7ལྟ་ཞིབ་ཚད་ལེན་བྱ་ཡུལ་ནང་བཅུག་པར་བཅུ་ཆ་བདུན་ཡན་གྱི་ཉེན་ཁ་བསལ་བ་རེད།

    ལུའོ་ཤའོ་རི་རྒྱུད་ནས་ཝུའུ་ལིང་རི་ཁུལ་བར་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་རྒྱང་ལམ་གསར་པའི་ཐོག་འཆར་གཞི་གསར་པ་བཏིང་བ།

    1935ལོའི་ཟླ་11པར། དམར་དམག་འབུམ་ཤོག་ཆེ་མོ་གཉིས་པ་དང་དྲུག་པ་སང་ཀྲི་རྫོང་ནས་རྒྱང་སྐྱོད་བྱེད་འགོ་ཚུགས་པ་དང་། མང་ཚོགས་དང་དམར་དམག་བྲལ་མི་ཕོད་པའི་རྣམ་པ་མཚོན་པའི་མི་སེམས་འགུལ་བའི་སང་ཀྲིའི་དམངས་གཞས་མང་པོ་ཞིག་ཡོད། ད་ཆ་དམངས་གཞས་གཏོང་སྟངས་གསར་པ་རི་གྲོང་ཀུན་ཏུ་ཁྱབ་བཞིན་ཡོད།

    “སང་ཀྲིའི་ཇ་དཀར་རོ་བཅུད་ཆེ། ཆུ་གྲང་ལ་སྦངས་ནས་དལ་བུར་གར”ཞེས་པའི་གླུ་དབྱངས་དང་སྦྲགས་གསར་འགོད་པ་ཧུང་ཅ་ཀོན་པའེ་རིགས་ཤང་ཤུའེ་ཧུའུ་ཏུང་གྲོང་ཚོའི་སྐྱེ་ལྡན་ཇ་ཞིང་དུ་སྐྱོད་སྐབས། ཡུལ་མི་ཆིན་ཙེ་དབྱིང་གིས་ཇ་ལོ་འཐུ་གིན་གླུ་དབྱངས་ལེན་བཞིན་འདུག སང་ཀྲི་ནི་ཧུའུ་ནན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་ཞིག་ཡིན་པ་དང་། ཚན་རྩལ་ནས་ཤེས་ལྡན་པའི་བར་དང་ཚོང་ལམ་ནས་སྤུས་རྟགས་བར། ཞིང་ཆེན་ནང་ཁུལ་གྱི་ཚན་པ་དང་ཁེ་ལས་མང་པོ་ནས་ཡོང་བའི་འཁོར་འབྲེལ་ཧྲིལ་པོའི་རོགས་སྐྱོར་ལས་ཡུལ་དེ་གའི་ཇ་དཀར་ཐོན་ལས་མེད་པ་ནས་ཡོད་པའི་བར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། “སང་ཀྲིའི་ཇ་དཀར་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7ལྷག་ཙམ་ཟིན་ནས་དབུལ་སྒྲོལ་དུད་ཚང་9200ལྷག་ཙམ་ལ་ཁྱབ་ཡོད”ཅེས་ཇ་ཞིང་གི་འགན་འཁུར་བ་ལིའུ་ཅེ་ཡིས་བཤད།

    སང་ཀྲི་ནས་ལྷོ་ཕྱོགས་སུ་བསྐྱོད་དེ་ཧོའེ་ཧྭ་གྲོང་ཁྱེར་གྱི་ཞུས་ཕུའུ་རྫོང་དུ་དམར་དམག་འབུམ་ཤོག་ཆེ་མོ་གཉིས་པ་དང་དྲུག་པའི་རྒྱང་སྐྱོད་ཀྱི་རྗེས་ཤུལ་བཞག ཡུས་ཞུས་བཟོ་ལས་གླིང་གི་ཧུའུ་ནན་ཨའེ་ཐུའུ་གྱོན་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ཚན་པའི་ཙུའུ་ཀྲང་ལི་མེ་ཧྭ་འཚེམ་བཟོའི་ལས་ལ་བྲེལ་བཞིན་ཡོད། “ཁྱིམ་གྱི་སྒོ་རྩ་ནས་ཟླ་གཅིག་ལ་གླ་ཆ་སྒོར་7000ལྷག་ཙམ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་པས། ས་ཆ་གཞན་དུ་གླ་པ་རྒྱུག་པ་ལས་བློ་བདེ་བ་འདུག”ཅེས་བཤད།

    བཟོ་ལས་གླིང་དེའི་མིང་ནི་ཁྲང་ཧྲ་གྲོང་ཁྱེར་ཡུས་ཧྭ་ཆུས་དང་ཞུས་ཕུའུ་རྫོང་གི་རི་ཆུ་བརྒལ་ནས“ལག་གདང་སྦྲེལ་བའི”ཆ་སྒྲིག་རོགས་སྐྱོར་གྱི་གཏམ་རྒྱུད་ལས་བཏགས་པ་ཞིག་རེད། སྤྱི་ཁྱབ་པུའུ་ཁྲང་ཧྲ་རུ་གནས་པ་དང་རྟེན་གཞི་ཞུས་ཕུའུ་རུ་ཡོད། སྤུས་རྟགས་ཁྲང་ཧྲ་རུ་ཡོད་པ་དང་ཚབ་སྐྲུན་ཞུས་ཕུའུ་རུ་བྱེད་པ་ལ་སོགས། བཟོ་ལས་གླིང་དེ་བཙུགས་ནས་ལོ་5ཡང་སོང་མེད་ནའང་གླིང་ཁུལ་དེས་རྫོང་ཡོངས་ཀྱི་ས་ཆའི་0.43%བཟུང་ནས་ཞུས་ཕུའུ་ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་30.2%དང་། བཟོ་ལས་ཐོན་རྫས་རིན་ཐང་82.4% ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་100%བཅས་བཏོད་ཡོད།

    སང་ཀྲི་དང་ཞུས་ཕུའུ་སོགས་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་15ལ་དམིགས་ནས་ཧུའུ་ནན་གྱིས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་པས་དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།