དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བའི་ཅོང་བརྡུངས་ཉེན་གཏོང་མཛད་སྒོ་ཧྲེན་དབྱང་དུ་གཉེར་བ།

དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ཐོན་ནས་ལོ་95འཁོར་བའི་མཚམས་སུ་ཚེས་18ཉིན་གྱི་སྔ་དྲོར། དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བའི་ཅོང་བརྡུངས་ཉེན་བརྡ་གཏོང་བའི་མཛད་སྒོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་མཛོད་ཁང་གི་ཡ་ང་བའི་ལོ་རྒྱུས་བཀོད་པའི་རྡོ་རིང་ཐང་ཆེན་དུ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་རེད།
སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་མཛད་སྒོ་འགོ་ཚུགས་པ་དང་དེར་ཡོད་པའི་མི་ཚང་མས་མཉམ་དུ་རྒྱལ་གླུ་བླངས་པ་རེད། ཆུ་ཚོད་9དང་སྐར་མ་18ཙམ་ལ་ལི་ཧུང་ཀྲུང་སོགས་འགོ་ཁྲིད་བློ་མཐུན་དང་མང་ཚོགས་ཀྱི་འཐུས་མིས་སྒམ་བརླིང་ལྡན་པའི་ངང“ཉེན་ཟོན་ཅོང”བརྡུངས་པ་དང་། ཅོང་སྒྲ་ཐེངས་14གྲགས་པ་དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱི་ལོ་14ཡི་རིང་དཀའ་སྤྱད་ཚད་མེད་བརྒྱུད་པའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་མཚོན་གྱི་ཡོད། ཧྲེན་དབྱང་གྲོང་ཁྱེར་ཡོངས་སུ་མཁའ་ཟོན་ཉེན་བརྡ་བཏང་བ་དང་། མེ་འཁོར་དང་། གྲུ་གཟིངས། རླངས་འཁོར་བཅས་ཀྱིས་ཀྱང་དུང་བརྡ་བཏང་བ་རེད།
ལི་ཧུང་ཀྲུང་གིས། ལོ་95ཡི་གོང་རི་པིན་བཙན་འཛུལ་པས་མངོན་སུམ་འཛེམ་མེད་ངང་རྒྱལ་ཁབ་ཕྱི་ནང་ཧ་ལས་དགོས་པའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བསླངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ལ་ཉེ་རབས་ཚུན་གྱི་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁ་ཐེངས་དང་པོ་ཡོངས་སུ་ཐོབ་ཡོད། ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གཏོད་དགོས་ཤིང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་རྒྱང་ལམ་དུ་ཞུམ་པ་མེད་པར་མདུན་སྐྱོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།