དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ས་མཐོའི་ཉ་ལས་ལ་གཞོལ་བས་ཚན་ཞིབ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-21

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཆུ་ཐོན་ཚན་རིག་ཞིབ་འཇུག་སུའོ་ནི་རང་ལྗོངས་ཀྱི་ཆུ་ཐོན་ཚན་རིག་ཞིབ་འཇུག་གི་སྤྱི་ཕན་རང་བཞིན་གྱི་ཚན་ཞིབ་སྒྲིག་གཞི་འབའ་ཞིག་དེ་ཡིན་པ་དང་། སུའོ་དེས་ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དུ་ཆུ་ཐོན་གསོ་ཚགས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་རིགས་ཁག་གི་གསོ་ཚགས་དང་གསོ་སྤེལ་སྒྲིག་བཀོད་ཆ་ཚང་དུ་བཏང་བའི་ཁར་ཡར་ཀླུང་གཙང་པོའི་ཉ་ལས་ཐོན་ཁུངས་གསོ་སྤེལ་རྟེན་གཞི་སོགས་ཚན་ཞིབ་ལས་སྟེགས་མང་པོ་བསྐྲུན་ཡོད། ཞིང་ལས་གྲོང་གསེབ་པུས་དེ་གར་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚྭ་མེད་ཆུའི་ཉ་རིགས་ཐོན་ལས་ལག་རྩལ་མ་ལག་ལྷ་སའི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་བཙུགས་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཆུ་ཐོན་ཚན་རིག་ཞིབ་འཇུག་སུའོ་ཡི་ལས་དོན་པས་ཚན་ཞིབ་ཚོད་ལྟ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།