དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས།

    བྱ་བ་ཆུང་ཙག་ནས་བཅོས་སྐྱོང་ལ་དམ་འཛིན་བྱས་ཏེ་སེམས་ནུས་ཡོད་རྒུས་དམངས་ཀྱི་བདེ་འཇགས་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-21

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་དམིགས་ཚད་གཏན་འཁེལ་བྱས་པ་དང་། ས་མཐོའི་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། “ཆུས་གཅིག་གི་སྤྱི་འདོམས་དང་། ཤང་གཅིག་ལ་སྤུས་རྟགས་གཅིག ས་ཁོངས་ཧྲིལ་པོའི་སྤུས་ཚད་མཐོར་གཏོང”བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་གཏོད་པ། གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ། ས་མཐོའི་དུས་བདེའི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་བ་རེད།

    ཏང་འཛུགས་སྐྱོང་གིས་རྨང་གཞི་བཏིང་ནས་རང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

    སྟག་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ཡོད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཚན་ཁག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྐྱོང་རྐང་འཛིན་པ་སྐྱེད་སྲིང་དང་རྗེས་གྲབས་ཤེས་ལྡན་པ་གྲབས་གསོག་བྱས་ནས་སློབ་ཆེན་སློབ་མའི་གཞི་རིམ་བཅོས་སྐྱོང་ལས་རོགས་པ་100ལྷག་ཙམ་འཐབ་ཕྱོགས་དང་པོར་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་རིམ་པའི་འགན་སྒྲུབ་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས། དྲ་མིག་ཅན་གྱི་ཏང་ཀྲི་པུའུ་བཅས་རིམ་གསུམ་ཏང་འཛུགས་སྐྱོང་གི་བཅོས་སྐྱོང་མ་ལག་སྟོབས་ཆེར་བཏང་ནས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཏང་ཡོན་གྱི་ལྟེ་བའི་དུད་ཚང་དུ་སྣུར་སྲིང་བྱས་ཏེ་དྲ་མིག་ཅན་གྱི་ཏང་ཀྲི་པུའུ་78དང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་503བསྐྲུན་པ་དང་ཏང་ཡོན་རྐང་འཛིན་པ་58གཞི་རིམ་དུ་བསྐྱོད་དེ་རྩ་འཛུགས་མ་ལག་གོང་འོག་གང་སར་ཁྱབ་པར་སྐུལ་འདེད་བཏང་ཐོག་བཅོས་སྐྱོང་བྱེད་པའི་དྲ་མིག་ཆུང་ཤོས་སུ་ཏང་ཡོན་གྱི་སྟོབས་ཤུགས་ཐད་ཀར་སླེབས་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད།

    སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱིས“གནས་བཞི་དང་གཞི་གཅིག”གི་བཅོས་སྐྱོང་འཁོར་འབྲེལ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་རེ་འབོད་གདུབ་ཟུམ་ཐག་གཅོད་བྱས་པ་དང་དམངས་འཚོའི་བྱ་བ་དངོས་ཁག་320ལྷག་ཙམ་ཏན་ཏིག་བསྒྲུབས་ནས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་བཅོས་སྐྱོང་ཞིབ་ཚགས་ཀྱི་དཔེ་མཚོན་བཏོད་པ་དང་། འབྲོམ་ཐོད་ཤང་གིས“136”བཅོས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྲིག་བཀོད་ཞིང་ལས་དང་ཕྱོགས་མིའི་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ནས་ཐོན་སྐྱེད་གཉེར་སྐྱོང་དང་ལས་མི་སྤྱོད་པའི་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ་ཕྱོགས་མིའི་མཉམ་འདྲེས་དོ་དམ་གྱི་དཀའ་གནད་ནུས་ལྡན་བསལ་བ། དར་རྒྱས་ཤང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བྱས་ནས“དར་རྒྱས། གདོང་ལེན་གྱི་གོམ་སྟབས་133གྱི་ལས་ཀའི་བྱ་ཐབས”ཁྱབ་གདལ་བཏང་སྟེ་ཉེན་ཁ་དང་འགལ་ཟླ་སྣ་ཚོགས་གྲལ་བཤེར་དང་བསལ་ནས་བཅོས་སྐྱོང་དང་། སྐྱེ་ཁམས། ཐོན་ལས། མི་རིགས་མཐུན་སྒྲིལ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཐང་དཀར་ཤང་དང་ཞོག་ཤང་གིས་དུས་རབས་གསར་པའི“སྲང་ལམ་ཁྲེ་ཙེ་དྲུག”གི་སྟབས་བསྟུན་འདུམ་འགྲིག་ལས་དོན་སྤེལ་ལུགས་གསར་གཏོད་དང་ཁྱབ་གདལ་བཏང་ནས་འདུམ་འགྲིག་ལས་དོན་ཁང་7བཙུགས་པ་དང་། ཤང་གི་འཇོན་ཐང་ཅན་དང་དང་བླངས་པ་85བསྡུས་པ། རྩོད་གཞི་ཁག་43བདག་སྤྲོད་བྱས་པ། གྱོད་གཞི་ཁག་42འདུམ་འགྲིག་བདེ་བླག་བྱས་པ། འདུམ་འགྲིག་ལེགས་གྲུབ་བྱུང་ཚད་97%ཡན་ཟིན་པ་བཅས་རེད།

    གྲངས་འཛིན་གྱིས་རིག་སྟོབས་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ནས་བདེ་འཇགས་ཀྱི“མེ་འགོག་གྱང”བརྟན་དུ་བཏང་བ།

    ཏང་འཛུགས་སྐྱོང་གི་མ་ལག་དང་གྲངས་འཛིན་ཅན་གྱི་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ཡག་པོ་སྤྱད་དེ་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་དྲ་རྒྱ་བརྟན་དུ་བཏང་ཡོད། སྟག་རྩེ་ཆུས་ཀྱིས་དྲ་ཐོག་ནས་ཆུས་རིམ་པའི“ཤར་གཏོང”རིག་ལྡན་བཅོས་སྐྱོང་ལས་སྟེགས་བསྐྲུན་ཏེ་དམངས་ཀྱི་གནས་ཚུལ་བསྡུ་རུབ་དང་། རེ་ཞུ་བརྒྱུད་བཤུག རིམ་དབྱེ་ཐག་གཅོད། དུས་བཀག་ལྟར་ཐག་གཅོད། ཡོངས་བསྒྲགས་ཚུར་ལན་བཅས་གཞི་གཅིག་ཅན་གྱི་གྲངས་འཛིན་བགྲོད་ལམ་བསྐྲུན་པ་དང་། རིམ་རྩིས་བརྒྱབ་ན། མང་ཚོགས་ཀྱི་རེ་ཞུ་ཁག་96བདག་སྤྲོད་བྱས་པ་དང་། ཐག་གཅོད་བྱེད་ཚད་99%ཟིན་པ། ཆ་སྙོམས་ཐག་གཅོད་བྱེད་ཡུན་ཉིན་2ཟིན་པ་བཅས་ལས་ས་མཐོའི་གྲོང་མིའི་སྡོད་གནས་ཁ་ཐོར་དང་། ཞབས་འདེགས་ཞུ་ཡུལ་རྒྱ་ཆེ་བ། དམངས་ཀྱི་གནས་ཚུལ་བརྒྱུད་སྤྲོད་རྗེས་ལུས་ཡིན་པ་བཅས་ཀྱི་བཅོས་སྐྱོང་ཞན་ཆ་ནུས་ལྡན་བསལ་ཐོག་བཅོས་སྐྱོང་ཐོན་ཁུངས་གཞི་རིམ་དུ་གནད་སྨིན་བཀོལ་སྤྱོད་བྱས་པ་རེད།

    གྲོང་གསེབ་བཅོས་སྐྱོང་དང་ཐོན་ལས་མཉམ་འདྲེས་ཀྱིས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འབབ་འཕར་སྒུལ་ནུས་འཕེལ་བར་བྱས་པ།

    སྟག་རྩེ་ཆུས་འབྲོམ་ཐོད་ཤང་གིས་གཞི་རིམ་བཅོས་སྐྱོང་དེ་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས་ས་ཞིང་བརྒྱུད་བཤུག་དང་། དྲོད་ཁང་ཆེ་མོ་བོགས་གཏོང་། ངལ་ནུས་སྤྱོད་པ་སོགས་ཀྱི་རྩོད་གཞི་སྣ་ཚོགས་སྔོན་ལ་ཐག་གཅོད་བྱས་པ་དང་། དྲོད་ཁང་ཆེ་མོ་2000ལྷག་ཙམ་ཚད་ལྡན་གཉེར་སྐྱོང་བྱས་པ། མང་ཚོགས་ལས་མི་མི་ཐེངས་ཁྲི་1ལྷག་ཙམ་ལ་སྣེ་ཁྲིད་བྱས་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་50ལྷག་ཙམ་ཡོང་བར་རམ་འདེགས་བྱས་པ། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་འགན་ལེན་བྱས་པ་བཅས་རེད། དར་རྒྱས་ཤང་གིས་དྲ་མིག་ཅན་གྱི་བཅོས་སྐྱོང་དང་། དུས་བདེ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་དང་གླིང་ཁའི་དཔལ་འབྱོར་དང་། ཁྱད་ལྡན་གསོ་ཚགས། མཉམ་སྡེབ་དཔལ་འབྱོར་བཅས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་དུས་བདེ་མཉམ་སྐྲུན་དང་། ཐོན་ལས་མཉམ་དར། མང་ཚོགས་མཉམ་ཕྱུག་བཅས་མངོན་འགྱུར་བྱུང་ཡོད། བདེ་ཆེན་གྲོང་རྡལ་དང་། གཙང་རྟོགས་ཤང་། ཐང་དཀར་ཤང་། ཞོག་ཤང་བཅས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་གཡུལ་ས་མདུན་མའི་ནུས་པར་བརྟེན་ནས་གཞུང་དོན་གྲོས་མོལ་དང་། ཉེན་ཁ་གྲལ་བཤེར། འགལ་ཟླ་འདུམ་འགྲིག་བཅས་རྣམ་གྲངས་དོན་འཁྱོལ་དང་། མཉམ་ལས་ཁང་གཉེར་སྐྱོང་། ཐོན་ཁུངས་གང་འགབ་ཅི་སྤྱོད། མང་ཚོགས་ལས་ཞུགས་སོགས་ཀྱི་འགག་རྩའི་ལྷུ་ཚིགས་སུ་བཀོད་སྒྲིག་བྱས་ཏེ། འཕེལ་རྒྱས་ཀྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱས་ཡོད།

    ཕར་ཆིན་རྒྱག་པ་བཞིན་བཅོས་སྐྱོང་ལས་དོན་རིམ་པ་བཞིན་སྤེལ་ནས་དམངས་བདེ་ལྷོད་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ། མིག་སྔར་སྟག་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། “བཅོས་སྐྱོང་ལྔ”མཉམ་འདྲེས། ས་ཁོངས་ཡོངས་མཐུན་སྦྱོར། དྲ་མིག་གནད་སྨིན་བཅས་ཀྱི་དེང་རབས་ཅན་གྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ་དང་། རིམ་རྩིས་བརྒྱབ་ན་འགལ་ཟླ་སྣ་ཚོགས་618བསལ་བ་དང་མང་ཚོགས་བློ་ཡིད་ཚིམ་ཚད་97%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།