དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་སྡོད་ཧྲུའུ་ཅི་དང་པོ་5ཡིས་ཀྲུང་ཕྱིའི་གསར་འགོད་པ་དང་སྤེལ་རེས་བྱས་པ།

    ཡུལ་མི་ཚོས་ཡིད་ཆེས་བྱེད་སའི་ནང་མི་ལྟ་བུ་ཞིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་ཅིང་ཞན།   |     སྤེལ་དུས།  2026-09-20

    ཟླ་9ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“རྒྱང་ལམ་གསར་པའི་ཐོག་གི་འབད་འཐབ་པ”ཞེས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ནས། གྲོང་སྡོད་ཧྲུའུ་ཅི་དང་པོའི་འཐུས་མི་5གདན་དྲངས་ཏེ“འགན་འཁྲི་ཕྲག་ཏུ་ཁུར་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་བྱ་བ་དངོས་སྒྲུབ”ཅེས་པར་དམིགས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ངོ་འཕྲད་སྤེལ་རེས་བྱས་པ་རེད།

    གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མངགས་དོན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། 2015ལོའི་ཚུན། རྒྱ་ཆེའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་མུ་མཐུད་འབད་འཐབ་བྱས་པས། དུས་རབས་གསར་པར་ཞིང་ལས་དར་རྒྱས་དང་སྟོབས་ཆེར་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

    འདུ་ཤེས་གསར་པ་དང་། བྱ་ཐབས་གསར་པ། བྱེད་སྟངས་གསར་པ་བཅས་ཀྱིས་དེ་སྔ་རྗེས་ལུས་ཐེབས་པའི་ས་ཁུལ་ལ་གསོན་ཤུགས་གསར་པ་སྦྱིན་ནས་ཡུལ་མི་ཚོའི་སྙིང་སྟོབས་འཕེལ་ཡོད།

    “འབྲོག་པ་མང་ཚོགས་སྡོད་ཁང་གསར་པར་སྤོས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་བཅས་མཐོང་སྐབས་དཀའ་ལས་ག་ཚོད་ཁག་རུང་དོན་གོ་ཆོད་སོང”ཞེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་སྟོད་རྩེ་ཤང་ར་ར་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་སྐྱིད་བཟང་གིས་བརྗོད།

    2015ལོར་ར་ར་གྲོང་ཚོར་སླེབས་རྗེས་ཚེ་རིང་སྐྱིད་བཟང་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་ཕྱུགས་ས་ཡོད་ཚད་ལ་བསྐྱོད་པ་དང་ཁེ་ལས་མང་པོ་དང་འབྲེལ་མཐུད་བྱས་ཏེ། མང་ཚོགས་ལ་འབབ་འཕར་ཡོང་བར་མཉམ་དུ་ཐབས་ཤེས་སྣ་ཚོགས་བཙལ་ཡོད། སྔོན་ཆད་འབྲོག་པ་མང་ཚོགས་ཀྱིས་ནོར་ལུག་ཁ་ཐོར་ངང་གསོ་ཚགས་བྱས་པར་ཡོང་འབབ་བརྟན་པོ་མེད། གསོ་ཚགས་མཉམ་ལས་ཁང་བཙུགས་རྗེས་ནོར་ལུག་གཅིག་སྡུད་ཐོག་མ་རྐང་ནང་ཞུགས་ནས་གཅིག་གྱུར་གཉེར་སྐྱོང་དང་ཕྱིར་ཚོང་བྱས་པས། ལོ་དང་པོ་དེ་རང་ལ་ལུག་2000ལྷག་ཙམ་གྱི་ཁེ་སྤོགས་བགོ་བཤའ་རག་ཡོད།

    ཧྲའན་ཤིས་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་དབྱིན་ཐའེ་ཆུས་ཅིན་སོ་ཀོན་གྲོང་རྡལ་ཅིན་སོ་ཀོན་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་ཅང་ཤིང་ཅན་ནི་ཧྲའན་ཤིས་ཚན་རྩལ་སློབ་ཆེན་ནས་མངགས་པ་ཞིག་རེད། བཅའ་སྡོད་བྱེད་རིང་ཁོང་གིས་མཐོ་སློབ་དང་། སློབ་གསོ། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་ལེགས་ཆ་བཏོན་ཏེ་ཀྲུང་ལུགས་སྨན་རྩྭ་སོན་གསོ་ནས་ཕྱིར་ཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    “ད་ཆ་ང་རང་བཅའ་སྡོད་བྱེད་མྱོང་བའི་ཝང་ཧྲི་ཨའོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལོ་གཉིས་བསྟུད་མར་སྒོར་ཁྲི་100ལྷག་ཙམ་ཟིན་ནས་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་4ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད། དེ་སྔ་ཕྱིར་གླ་པར་སྐྱོད་མཁན་གཞོན་ནུ་ཁག་གཅིག་ད་ཆ་ཕ་ཡུལ་དུ་ལོག་པ་དང་། ཚང་མའི་འཕེལ་རྒྱས་ཕྱུག་འགྱུར་གྱི་ངར་ཤུགས་དེ་བས་འཕེལ་ཡོད”ཅེས་ཅང་ཤིན་ཅན་གྱིས་བརྗོད།

    ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཐའེ་ཁང་རྫོང་མཱ་ཁྲང་གྲོང་རྡལ་ཆན་ཧོ་གྲོང་ཚོས་ལོ་མང་རིང་བྱ་བ་དངོས་ཧུར་ཐག་བསྒྲུབས་པར་བརྟེན་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། སྤྱི་ལེ་11ཟིན་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩར་ཤར་གཏོང་ཐུབ་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད།

    “དེ་བས་གླེང་རིན་ཡོད་པ་ཞིག་ནི་ང་ཚོའི་གྲོང་ཚོའི་མི་ཆོས་རིག་གནས་ཀྱི་དར་སྲོལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་རེད། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་དང་། དྲོད་ཁང་འགན་གཙང་ལེན་པ། ཐག་ཉེ་སར་ལས་ཞུགས་བྱེད་པ་བཅས་ནི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་ཡུལ་མི་ཚོས་ཕན་ཚུན་མིག་ལྟོས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད”ཅེས་ཆན་ཧོ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་ཧན་ཡུས་ནན་གྱིས་བརྗོད།

    མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། བརྩེ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཡུལ་མི་ཚོས་ཡིད་ཆེས་བྱེད་སའི་ནང་མི་ལྟ་བུ་ཞིག་བྱེད་ཀྱི་ཡིན།

    ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ནི་དེ་སྔ་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོ་མང་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་རེད། ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་ལུང་ཐོའུ་ཧྲན་གྲོང་རྡལ་ཡིང་ཕན་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཀྲུང་ལིན་གྱིས་གྲོང་སྡོད་བྱེད་རིང་ལས་ཀའི་ཉིན་ཐོ་དེབ་29དང་བཅར་འདྲིའི་ཟིན་དེབ་17བྲིས་ཡོད་པ་རེད།

    མང་ཚོགས་ཀྱི་ཡིད་ཆེས་ཇི་ལྟར་ཐོབ་པ་བྱེད་དགོས་ཞེས་འདྲི་སྐབས། ཝང་ཀྲུང་ལིན་གྱིས། རྐང་པ་གཉིས་ལ་བརྟེན་ནས་མང་ཚོགས་ཀྱི་སར་སྐྱོད་པ་དང་། ཁ་གསང་པོ་བྱས་ནས་མང་ཚོགས་ཀྱི་བསམ་འདུན་འདྲི་བ། སེམས་པ་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་བཅས་བྱེད་རྒྱུ་དེ་ཡིན་ཞེས་ལན་བཏབ། ལོ་འདི་དག་རིང་། ཁོང་གིས་རྟག་ཏུ་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་གང་ས་ཅི་ཐད་ནས་མ་དངུལ་གྲབས་གསོག་བྱས་ཏེ། ཏང་ཡོན་གྱི་བྱེད་སྒོ་ཁང་བསྐྲུན་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་ཚད་ལྡན་དུ་བཏང་བ། མི་སེར་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གྲོས་བསྡུར་བྱས་ཡོད།

    “དྲོད་ཁང་ཆེ་མོའི་ཧྲུའུ་ཅི”ནི་ཡུལ་མི་ཚོས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དབྱང་ཡོན་རྫོང་ཤིན་པའོ་ཤང་གི་མུའུ་40ཡོད་པའི་ཐན་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་སུན་གོ་ལེང་ལ་བཏགས་པའི་གཅེས་མིང་རེད།

    ལོ་འདི་དག་རིང་། ཁོང་གིས་གྲོང་ཚོ་ཨུ་ལྷན་གཉིས་དང་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་སྔ་རྗེས་སུ་སྔོ་ཚལ་དྲོད་ཁང་ཆེ་མོ་102བསྐྲུན་པ་དང་། བྱ་དེ་དང་། ངང་པ། བཤས་གླང་སོགས་གསོ་ཚགས་འཕེལ་རྒྱས་བཏང་བ། འོད་ཤུགས་རྣམ་གྲངས་དོན་འཁྱོལ་བྱས་པ། མཉམ་ལས་ཁང་བཙུགས་པ་བཅས་ལ་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། དེས་མ་ཚད་ཁོང་གིས་ད་དུང་མ་དངུལ་རག་ཐབས་བྱས་ནས་འགྲོ་ལམ་དང་། ལམ་སྒྲོན། སྤྱི་གླིང་བཅས་བསྐྲུན་པས་གྲོང་ཚོའི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

    མུའུ་བཞི་བཅུ་ཡོད་པའི་ཐན་གྲོང་ཚོའི་ཡུལ་མི་ཚོས་མིང་མཉམ་འགོད་ཀྱིས་སུན་གོ་ལེང་དེ་གར་མུ་མཐུད་སྡོད་རྒྱུའི་ཡི་གེ་ཐེངས་4བྲིས་པས། ཁོང་གིས་གྲོང་ཚོ་དེར་ལོ་བཅུ་ཏག་ཏག་བཅའ་སྡོད་བྱས། སུན་གོ་ལེང་གིས“ང་འདི་གར་ལོ་མང་པོ་འདི་འདྲ་སྡོད་ཐུབ་དོན་ནི་ཡུལ་མི་ཚོ་ལ་བཅངས་པའི་ཟོལ་མེད་བརྩེ་སེམས་དང་། དོར་ཐབས་མེད་པའི་ཕྲག་ཐོག་གི་འགན་འཁྲི། རྩ་འཛུགས་ཀྱི་ཡིད་ཆེས་བཅས་ཀྱིས་རེད”ཅེས་བརྗོད་པ་དང་། ཁོང་གིས“གྲོང་ཚོའི་ནང་གི་ལས་དོན་སྒྲུབ་ཚར་མེད་ལ་ཡུལ་མི་ཚོར་དགོས་མཁོ་ཡོད་ཕྱིན། ངས་མུ་མཐུད་དེ་གར་གཞིས་ཚུགས་ནས་ལས་ཀ་ཏན་ཏིག་བྱས་ཏེ་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།