དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ནས་ཀྲེ་ཅང་དུ་གློག་གཏོང་བའི་ལས་གྲྭའི་ཀན་སུའུ་དུམ་བུའི་གློག་སྐུད་ཆ་ཚང་ཁྲིད་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-20

    འདི་ནི་བསྐྲུན་ཟིན་པའི་ཀན་སུའུ་ནས་ཀྲེ་ཅང་དུ་གློག་གཏོང་བའི་ལས་གྲྭའི་རྨ་ཆུ་བརྒལ་བའི་དུམ་བུ་ཡིན་པ།

    ཉེ་ཆར། ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་ཅིང་ཐའེ་རྫོང་དང་ཅིང་ཡོན་རྫོང་གི་འབྲེལ་མཚམས་སུ་ཀན་སུའུ་ནས་ཀྲེ་ཅང་བར་གྱི་ཆན་ཕུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭ(གཤམ་དུ“ཀན་སུའུ་ནས་ཀྲེ་ཅང་དུ་གློག་གཏོང་བའི་ལས་གྲྭ”ཞེས་བསྡུ་རྒྱུ)ཡི་རྨ་ཆུ་བརྒལ་བའི་དུམ་བུ་བདེ་བླག་ངང་བསྐྲུན་ཟིན་པ་དེ་ཐོག་ནས་ལས་གྲྭ་དེའི་ཀན་སུའུ་དུམ་བུ་ཧྲིལ་པོ་ལེགས་གྲུབ་ཟིན་པ་མཚོན་ཡོད།

    རྨ་ཆུ་བརྒལ་བའི་དུམ་བུ་ནི་ལས་གྲྭ་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་མཚམས་ཚིགས་ཤིག་ཡིན་པ་དང་ལམ་རྒྱུད་ས་ཁོངས་ཀྱི་ས་དབྱིབས་ཉེན་ཁ་ཆེ་བ་དང་ཆབས་ཅིག ལུང་གཞུང་དུ་ལྷགས་པ་ཆེན་པོ་རྒྱག་པ་དང་ཨར་ལས་ཀྱི་དཀའ་ཚེགས་ཆེ་བས་ལས་གྲྭའི་བདེ་འཇགས་ལ་དོ་དམ་ཚོད་འཛིན་བྱེད་པ་དང་ཨར་ལས་ཀྱི་སྤུས་ཚད་སོགས་ལ་ཚོད་བགམ་མང་པོ་འཕྲད་ཡོད། ཨར་ལས་རུ་ཁག་གིས་ལྕགས་སྒྲོམ་བཞི་གསར་སྐྲུན་བྱས་ཏེ་རང་ཚུགས་དང་ཐེག་ཤུགས་ཆེ་བའི་བྱ་ཐབས་སྤྱད་དེ་རྨ་ཆུ་བརྒལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ནས་ཀྲེ་ཅང་དུ་གློག་གཏོང་བའི་ལས་གྲྭ་ནི་རྒྱལ་ཁབ་གློག་ཤུགས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། ལས་གྲྭའི་ལམ་ཐིག་དེ་ནུབ་ཀན་སུའུ་ཝུའུ་ཝུའེ་ནས་འགོ་ཚུགས་པ་དང་ཤར་ཀྲེ་ཅང་ཧྲའོ་ཤིང་བར་ཡིན་ཞིང་། སྐུད་ལམ་ཧྲིལ་པོར་སྤྱི་ལེ་2370ཡོད་པར་སྔོན་དཔག་བྱས་ན་2027ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་ལོ་ལྟར་ཀྲེ་ཅང་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་360ལྷག་ཙམ་གཏོང་ཐུབ་པའི་ནང་ནུས་རྒྱུ་གསར་པའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་212ལྷག་ཙམ་ཟིན་པ་དེས་ཤར་ནུབ་རྒྱུད་ཀྱི་ནུས་རྒྱུ་མཐུན་སྦྱོར་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།