དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲེན་དབྱང་གིས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བའི་བར་མཐོངས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཁྲེང་ཡིའུ། ཧའོ་ཡིང་ཚན།   |     སྤེལ་དུས།  2026-09-20

    2022ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་དབྱང་དུ་རྟོག་ཞིབ་གནང་སྐབས“ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་ནི་མི་སེར་གྱི་ཐོབ་སྣང་ཆེ་རུ་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད” ཅེས་ནན་བཤད་གནང་བ་དང་། 2025ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཧྲེན་དབྱང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། “གྲོང་ཁྱེར་གསར་སྒྱུར་བྱེད་པར་ཡུལ་བབ་དང་བསྟུན་པ་དང་སྡེ་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ཐམས་ཅད་དམངས་ལ་སྟབས་བདེ་སྐྲུན་པ་དང་། དམངས་ལ་ཕན་པ་འདོགས་པ། དམངས་སེམས་བདེ་ལ་འགོད་པ་བཅས་ལ་དམིགས་པ་དང་ལྷག་པར་དུ‘རྒན་གཅིག་གཞོན་གཅིག’ལ་དེ་བས་དོ་ཁུར་དང་གཅེས་སྐྱོང་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཧྲེན་དབྱང་གིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་དེ་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“དམངས་ལ་སྟབས་བདེ་སྐྲུན་པ་དང་། དམངས་ལ་ཕན་པ་འདོགས་པ། དམངས་སེམས་བདེ་ལ་འགོད་པ”བཅས་ལ་དམིགས་ཏེ། མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བའི་བར་མཐོངས་ཧུར་ཐག་བཏོད་ཡོད།

    ཧྲེན་དབྱང་བཟོ་ལས་རྟེན་གཞི་རྙིང་པ་ཡིན་པས། གྲོང་ཁྱེར་ཅན་གྱི་འཕེལ་རིམ་སྔ་བ་དང་གྲོང་ཁྱེར་ཡོངས་སུ་སྡོད་ཁང་ཁུལ་ཆུང་6500ལྷག་ཙམ་ཡོད་པ་ལས་ཁུལ་ཆུང་རྙིང་པ་3500ལྷག་ཙམ་ཟིན་པ་དེས་བསྡུར་ཚད་50%ལྷག་ཙམ་ཟིན་གྱི་ཡོད།

    ཕྱོགས་བསྡུས་མཐོར་གཏོང་མཐའ་འཁྱོངས་ཀྱིས་སྒྲིག་འགལ་འཛུགས་སྐྲུན་བཤིག་པ་དང་། མདོང་དྲ་དང་འགྲོ་ལམ་རྙིང་པ་སྒྱུར་བཀོད། སྔོ་ཁེབས་མང་དུ་གཏོང་བ། གློག་སྐུད་ས་འོག་ཏུ་འཁྲིད་པ། རིག་གནས་དང་ལུས་རྩལ་སྒྲིག་བཀོད་དང་བདེ་འཇགས་སྒྲིག་བཀོད་གསར་སྣོན་སོགས། ཧྲེན་དབྱང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཧྲི་གོ་ཆིས། ཧྲེན་དབྱང་གིས“བཤིག་གཏོར་གཅིག་དང་། སྒྱུར་བཀོད་ལྔ། གསར་སྣོན་གསུམ”བཅས་དམ་འཛིན་བྱ་གཞིར་བྱས་ཏེ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་མིའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་བཏོན་པ།

    ཧྲེན་དབྱང་གིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་རིང་ཐོག་མཐའ་བར་གསུམ་དུ་དགོས་མཁོ་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱས་ཏེ། སྒྱུར་བཀོད་མ་བྱས་གོང་། གྲོང་མིའི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ནས“ཁུལ་གཅིག་ལ་ཐབས་ཇུས་གཅིག”དང“ཐོག་ཁང་གཅིག་ལ་ཐབས་ཇུས་གཅིག”གི་སྒྱུར་བཀོད་ཇུས་གཞི་གནད་སྨིན་བཟོས་ཡོད། སྒྱུར་བཀོད་བྱེད་རིང་། གྲོང་མིའི་ལྟ་སྐུལ་ཚོགས་ཆུང་བཙུགས་ནས་སྒྱུར་བཀོད་ཀྱི་འཕེལ་རིམ་དང་སྤུས་ཚད་ལ་དུས་ཐོག་ཏུ་ལྟ་འདོམས་བྱས་ཡོད། སྒྱུར་བཀོད་བྱས་རྗེས། “དམངས་འདོད་ཞིབ་བཤེར་རྩིས་ལེན”དང་ལས་གྲྭའི་ཆེད་ལས་ཞིབ་བཤེར་རྩིས་ལེན་ཆབས་ཅིག་ཏུ་བྱས་ནས་གྲོང་མིའི་བློ་ཡིད་ཚིམ་ཚད་90%ལས་དམའ་བའི་ཁུལ་ཆུང་ལ་ཞིབ་བཤེར་རྩིས་ལེན་བྱས་མེད་པ་རེད།

    འཛུགས་སྐྲུན་དང་དོ་དམ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྒྱུར་བཀོད་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ལ་དོ་དམ་དེ་བས་ཕུགས་ཕན་ཐུབ་པར་བྱས་པ།

    ཁུལ་ཆུང་རྙིང་པ་གསར་པར་སྒྱུར་བར“བཅུ་ཆ་གསུམ་འཛུགས་སྐྲུན་ལ་ཐུག་ཅིང་བཅུ་ཆ་བདུན་དོ་དམ་ལ་རག་ལས་ཡོད” ཧྲེན་དབྱང་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། གྲོང་ལྷན་དང་། དོ་བདག་ཨུ་ལྷན། སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཕྱོགས་མང་མཉམ་འགུལ་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ། གྲོང་མིར་རང་བརྟེན་གྲོས་མོལ་བྱས་ནས་ཁུལ་ཆུང་གི་དོ་དམ་སྲུང་སྐྱོང་བྱེད་སྟངས་དང་། རང་སྐྱོང་སྒྲིག་སྲོལ། དོན་གྲོས་སྒྲིག་སྲོལ་བཅས་གཏན་འཁེལ་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཁུལ་ཆུང་རྙིང་པའི་སྒྱུར་བཀོད་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱས་ཡོད་ཅེས་བརྗོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཧྲེན་དབྱང་གིས་ཁུལ་ཆུང་རྙིང་པ་400ལས་མི་ཉུང་བ་སྒྱུར་བཀོད་བྱས་ཏེ། སྒྲིག་བཀོད་ཆ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གྲོང་ཁྱེར་གྱིས་དེ་བས“དམངས་ལ་སྟབས་བདེ་སྐྲུན་པ་དང་། དམངས་ལ་ཕན་པ་འདོགས་པ། དམངས་སེམས་བདེ་ལ་འགོད་པ”བཅས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།