རྒྱལ་ཡོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཡུག་ཁུལ་འཛུགས་སྐྲུན་ལས་དོན་ཚོགས་འདུ་འཚོགས་པ།
ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཡུག་ཁུལ་འཛུགས་སྐྲུན་ལས་དོན་ཚོགས་འདུ་ཅང་ཤིས་ཀན་ཀྲོའུ་རུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་དེ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གཙོ་གཉེར་དང་། ཅང་ཤིས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང(ཅང་ཤིས་ཞིང་ཆེན་རིག་དངོས་ཅུས)དང་ཀན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ་ཞིག་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཡུག་ཁུལ་ཡག་པོ་སྐྲུན་རྒྱུ་ནི་གསར་བརྗེའི་རིག་དངོས་མ་ལག་རང་བཞིན་གྱི་སྲུང་སྐྱོང་ཟབ་ཏུ་གཏོང་བའི་ཤུགས་རྒྱག་ས་དང་གསར་བརྗེའི་ཁུལ་རྙིང་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་འཇུག་སྒོ་ཡིན། ཡུག་ཁུལ་འཛུགས་སྐྲུན་འགག་རྩའི་དམ་འཛིན་བྱ་གཞིར་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་གསར་བརྗེའི་རིག་དངོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་བརྒྱབ་ནས། ལས་དོན་གྱི་བཀོད་པ་ལེགས་སུ་གཏོང་དགོས། མ་ལག་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ་རིག་དངོས་གཞི་མ་དང་ལོ་རྒྱུས་ཁོར་ཡུག་གཞི་གཅིག་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས། ཞིབ་ཚགས་དོ་དམ་དང་ལག་རྩལ་སྲུང་སྐྱོང་ཟབ་ཏུ་གཏོང་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། སྤུས་ལེགས་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། ལས་དོན་གསར་གཏོད་ལ་ཤུགས་བརྒྱབ་སྟེ་གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཡུག་ཁུལ་འཛུགས་སྐྲུན་མགྱོགས་སུ་འགྲོ་བ་དང་ཕན་འབྲས་ཆེན་པོ་ཐོན་པར་སྐུལ་འདེད་གཏོང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཡུག་ཁུལ་ཁག་ཏུ་རིམ་རྩིས་བརྒྱབ་ན་གསར་བརྗེའི་རིག་དངོས་སྲུང་སྐྱོང་འགྲེམས་སྟོན་ལས་གྲྭ་ཁག་3000ལྷག་ཙམ་ལག་ལེན་བསྟར་བ་དང་གསར་བརྗེའི་རིག་དངོས་ཀྱི་ཉེན་ཁའི་གནས་ཚུལ་ཚབས་ཆེན་སྤྱིར་བཏང་བསལ་ཡོད། མིག་སྔར། ཡུག་ཁུལ་37གྱི་འཆར་འགོད་རིམ་བཞིན་བཟོས་པ་དང་། རྒྱལ་ཡོངས་སུ་ཡུག་ཁུལ་ཁག་གི་བརྗོད་དོན་གཙོ་བོའི་དྲན་གསོ་ཁང་1300ཟིན་ཞིང་། རིམ་རྩིས་བརྒྱབ་ན་བརྗོད་དོན་གཙོ་བོའི་འགྲེམས་སྟོན་2000ལྷག་ཙམ་བྱས་པ་དང་། ལྟད་མོ་བ་མི་ཐེངས་དུང་ཕྱུར་5ཡུག་ཁུལ་གྱི་གནས་རྙིང་དང་དྲན་གསོ་ཁང་དུ་བསྐྱོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།