ལན་ཡུན་ཀང་ནས་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་བཏང་བ།

འདི་ནི་ཟླ་7ཚེས་14ཉིན་ཨ་ཁེ་ཏ་གྲུ་ཁའི་དོས་སྒམ་སྐྱེལ་འདྲེན་ལས་སྒྲུབ་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་སྤྱོད་འགོ་ཚུགས་རྗེས། ལན་ཡུན་ཀང་ནས་བཏང་བའི་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན། དེ་ལས་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་ཀྱི“འགག་རྩ་གསུམ་དང་གཞི་གཅིག་ཅན”གྱི་གཉེར་སྐྱོང་སྤུས་ཚད་མཐོ་རུ་དང་མྱུར་ཚད་མགྱོགས་སུ་ཕྱིན་པའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།
ཟླ་9ཚེས་10ཉིན་འཕྲུལ་ཆས་ཀྱི་སྒྲིག་ཆས་དང་ལྷུ་ལག དེ་བཞིན་གློག་རྡུལ་ཐོན་རྫས་དང་ཉེར་སྤྱོད་བརྒྱ་ཟོག་སྣ་མང་བླུགས་པའི་དུས་གཏན་མེ་འཁོར་ཞིག་ཀྲུང་ཧའི(ལན་ཡུན་ཀང)ཟོག་འགྲེམས་མཉམ་ལས་རྟེན་གཞི་ནས་ཐོན་ཏེ་ཧོར་ཀུའོ་སིའི་འགག་སྒོ་བརྒྱུད་ཚད་ལྡན་ལྕགས་ལམ་དང་ཁ་ཞེང་ཆེ་བའི་ལྕགས་ལམ་བརྗེས་ནས་ཧ་སག་སི་ཐན་དུ་སླེབས་རྗེས་ཨ་ཁེ་ཏ་གྲུ་ཁ་ནས་དོས་སྒམ་གཅིག་སྡུད་ཐོག་གྲུ་གཟིངས་ལ་དབོར་ཏེ་མཐར་ཨ་ཟེ་བྷེ་ཇན་གྱི་རྒྱལ་ས་བྷ་ཁུ་རུ་འབྱོར་བ་རེད།
འབྲེལ་ཡོད་གསར་འགྱུར།