ཡོ་རོབ་ཏུ་ཀྲུང་གོའི་རིག་ནུས་ཁྱིམ་ཆས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་བ།

འདི་ནི་མི་རྣམས་ཀྱིས་འཇར་མན་པེར་ལིན་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཐོག་དབྱིང་ཧྲི་གསར་གཏོད་ཀུང་སིའི་འགྲེམས་སྟེགས་ལ་ལྟ་བཞིན་པ།
ཡོ་རོབ་ཀྱི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཆེ་ཤོས་པེར་ལིན་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཉེ་ཆར་འཇར་མན་གྱི་པེར་ལིན་དུ་གཉེར་བ་རེད། ཧེའར་ཚོགས་པ་སོགས་ཀྲུང་གོའི་ཁེ་ལས་ལ་ཡོ་རོབ་ཏུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཁེ་ལས་དེ་དག་གི་གོས་འཁྲུའི་འཕྲུལ་ཆས་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཀྱིས་ཁྲོམ་རའི་གོ་སྐལ་20%བཟུང་ཡོད།
ཀྲུང་གོའི་ཁེ་ལས་ནི་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ཁོ་ནས་མངོན་ཆ་ཆེ་རུ་ཕྱིན་པ་ཞིག་མ་ཡིན་པར། “ང་ཚོའི་དམིགས་ཡུལ་ནི་ཡོ་རོབ་ཀྱི་འཛད་སྤྱོད་པའི་རིག་ནུས་ཁྱིམ་ཆས་ཀྱི་གདམ་ག་དང་པོར་འགྱུར་རྒྱུ་དེ་ཡིན”ཅེས་ཧེའར་ཡོ་རོབ་ཡན་ལག་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཉིའར·ཐེང་སི་ཐུའར་གྱིས་འགྲེམས་ཚོགས་གཉེར་ཡུལ་དུ་དེ་ལྟར་བརྗོད།
ཧེའར་ནི་ཡོ་རོབ་ཀྱི་སྤུས་རྟགས་ཉོ་སྒྲུབ་བྱེད་མཁན་ཀྲུང་གོའི་ཁེ་ལས་གཅིག་པུ་དེ་མིན། ཧའེ་ཤིན་ཚོགས་པས་2018ལོར་སི་ལོ་ཝེ་ཉི་ཡའི་གོས་འཁྲུའི་འཕྲུལ་ཆས་དང་ཕོར་པ་འཁྲུ་ཆས་བཟོ་མཁན་ཚོང་པ་ཀུའུ་ལུའོ་ཉི་ཀུང་སི་ཉོས་པ་རེད། མེ་ཏི་ཚོགས་པས་2025ལོར་འཇར་མན་གྱི་མ་བྱན་འཕྲོད་བསྟེན་ཁེ་ལས་ཏེ་ཀེ་ཚོགས་པ་ཉོས་པ་དང་ཀུང་སི་དེར་ཐབ་ཚང་གི་ཆུ་གཞོང་དང་དེ་བཞིན་འཕྲོད་བསྟེན་སྒྲིག་ཆས་གཞན་དག་བཟོ་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད།
ཨོའུ་རུའེ་རྒྱལ་སྤྱིའི་དབྱེ་ཞིབ་ཆེ་མོ་བ་ཝུའེ་ལུའོ་ཉི་ཁཱ·ཁན་ཏུའུ་སུའོ་ཝ་ཡིས“འདས་ཟིན་པའི་ལོ་བཅུའི་ནང་ཡོ་རོབ་ཏུ་ཀྲུང་གོའི་ཁེ་ལས་ཀྱི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་འབྲེལ་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་དང་རིག་ནུས་ཁྱིམ་ཆས་ལག་རྩལ་གྱི་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད”ཅེས་བརྗོད།
——《རི་པིན་དཔལ་འབྱོར་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།