དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “ཐཱན་མེད”གྲོང་ཚོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-20

    འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་གྲལ་འགྲིག་པའི་འབྲོག་པའི་སྡོད་ཁང་གསར་པ་དང་ཁང་པའི་ཐོག་ཁར་འོད་ཤུགས་ཤེལ་ལེབ་བསྒྲིགས་ནས་གྲོང་ཚོ་ཡོངས་ལ་གློག་ཤུགས་གཙང་མ་མཁོ་འདོན་བྱེད་བཞིན་ཡོད་པ།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོས་ས་མཐོའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཕུན་སུམ་ཚོགས་པའི་འོད་ཤུགས་དང་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ལ་བརྟེན་ནས། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་ཁ་གཏད་རོགས་སྐྲུན་བྱས་པའི་བོད་ཀྱི“ཐཱན་མེད”དཔེ་སྟོན་གྲོང་ཚོ་ཐོག་མ་དེ་བསྐྲུན་པ་རེད། གྲོང་ཚོ་དེས་འོད་ཤུགས་དང་། ནུས་གསོག རིག་གནས་ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། ཐོན་ལས་འཕེལ་རྒྱས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་། ཐོན་ལས་དར་རྒྱས་ཆེ་བ། མི་སེར་ལ་འབབ་འཕར་ཡོང་བ་བཅས་ཀྱི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།