དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཟླ་བའི་ལྷ་མོ་ཨང་དྲུག་པ”ཡིས་བླངས་པའི་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ས་རྒྱུའི་དངོས་དཔེ་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-19

    ཉེ་ཆར་ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཕྱིའི་བར་སྣང་སིས་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་ནས། ཀྲུང་གོས“ཟླ་བའི་ལྷ་མོ་ཨང་དྲུག་པ”ཡིས་བླངས་པའི་མིའི་རིགས་ཀྱི་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ས་རྒྱུའི་དངོས་དཔེ་ཁག་དང་པོ་མཉམ་འབྲེལ་རྒྱལ་ཚོགས་ལ་དངོས་སུ་སྤྲད་པ་རེད། ཝི་ཨེན་ནའི་རྒྱལ་སྤྱིའི་རྩ་འཛུགས་ཁག་གི་འགན་འཁུར་བ་དང་། རྒྱལ་ཁབ་ཁག་གི་རྒྱུན་སྡོད་འཐུས་མི། ཝི་ཨེན་ནའི་ལས་རིགས་ཁག་གི་འཐུས་མི་སོགས་སྐུ་མགྲོན་400ལྷག་ཙམ་ཕེབས་ཡོད་པ་རེད།

    རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཅུས་ཀྲང་ཧྲན་ཀྲུང་ཏེས་མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ན་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་ཀྲུའུ་མ་དང་། མཉམ་འབྲེལ་རྒྱལ་ཚོགས་ཕྱིའི་བར་སྣང་སིའི་སི་ཀྲང་ཧོ་ལ་མའེ་ཉི། མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ན་དོན་གཅོད་ཁྲུའུ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལི་སུང་བཅས་དང་མཉམ་དུ་ཟླ་བའི་ས་རྒྱུའི་དངོས་དཔེ་སྟོན་པ་རེད། ཟླ་བའི་ས་རྒྱུའི་དངོས་དཔེ་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཡུན་རིང་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    ཧྲན་ཀྲུང་ཏེས་ཤིས་ཚིག་སྒྲོན་སྐབས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འཚོལ་ཞིབ་བྱ་རྒྱུ་ནི་མིའི་རིགས་ཀྱིས་དོན་གཉེར་བྱེད་པའི་ཐུན་མོང་གི་ཕུགས་འདུན་ཞིག་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། གོ་སྐབས་མཉམ་སྤྱོད། ཐུན་མོང་ཐོག་གསར་གཏོད་དར་རྒྱས་བཅས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་པ་དང་། མིའི་རིགས་ཀྱིས་ཞི་བའི་ངང་ཕྱིའི་བར་སྣང་འཚོལ་ཞིབ་བྱེད་པའི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཐུན་རྐྱེན་དེ་བས་ལེགས་པ་སྦྱོར་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།