ན་ནིང་རང་རྒྱལ་གྱིས་བྱང་ཚད་མཐོ་བའི་ཞིང་པ་ཁྲི་61.36གསོ་སྐྱོང་བྱས་པ།
གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་སྦྱོང་བརྡར་འཕེལ་རྒྱས་གླེང་སྟེགས་སྐབས་བརྒྱད་པ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་ཞིང་པའི་སློབ་གསོ་སྦྱོང་བརྡར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་2025ལོར་བྱང་ཚད་མཐོ་བའི་ཞིང་པ་ཁྲི་61.36གསོ་སྐྱོང་བྱས་པ་རེད།
བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གི་བྱང་ཚད་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཐོན་ལས་འཕེལ་རྒྱས་བརྟན་པོ་བྱུང་ཞིང་། བརྟག་དཔྱད་གྲངས་གཞི་ལས་མངོན་པར། བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གི་ཆ་སྙོམས་ལོ་ཚད་དེ་ལོ་ན་44.7ཡིན་པ་དང་། མཐོ་འབྲིང་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་3.15མཐོ་རུ་ཕྱིན་པ། ཆེད་ཚན་དང་དེ་བཞིན་དེ་ཡན་གྱི་སློབ་ཐོན་སློབ་མ་དང་གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་དང་ཕ་ཡུལ་དུ་ལོག་མཁན་སོགས་གསར་ཐོན་སྟོབས་ཤུགས་ཀྱིས་བསྡུར་ཚད་53.2%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.27མཐོ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།