དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས“ཀྲུང་གོའི་དགེ་རྒན”གྱི་བྱ་རིམ་ཆུང་གྲས་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-19

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུས་བཟོས་པའི“ཀྲུང་གོའི་དགེ་རྒན”གྱི་བྱ་རིམ་ཆུང་གྲས་ཉེ་ཆར་གསར་དུ་བཏོན་པ་དང་སྦྲགས་དྲ་ཐོག་ཏུ་སྤྱོད་གོ་ཆོད་པའི་ནུས་པ་གསར་པ་རབ་དང་རིམ་པ་བཏོན་ཡོད། རྒྱ་ཆེའི་དགེ་རྒན་ཚོས་སྐད་འཕྲིན་ནམ་ཡང་ན་གཏོང་སྤྲོད་འབོའི་ལས་སྟེགས་ཐོག“ཀྲུང་གོའི་དགེ་རྒན”གྱི་བྱ་རིམ་ཆུང་གྲས་འཚོལ་ཞིབ་བྱེད་པ་དང་མིང་ངོ་མ་འགོད་པ་དང་འབྲེལ་གློག་རྡུལ་དགེ་རྒན་གྱི་ལག་ཁྱེར་རེ་ཞུ་བྱས་རྗེས་གཞུང་ཕྱོགས་ཀྱི་ཞབས་ཞུའི་འཇུག་སྒོར་ཐད་ཀར་སླེབས་ཀྱི་ཡོད་པ་རེད།

    བྱ་རིམ་ཆུང་གྲས་གསར་སྤེལ་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། པར་གཞི་གསར་པའི་བྱ་རིམ་ཆུང་གྲས་ཀྱིས་མཉམ་སྤྱོད་དང་། ཞིབ་དཔྱད། ཆ་འཕྲིན་བཟོ་བཅོས། བསམ་འཆར་ལན་སྤྲོད། དྲ་ངོས་དང་པོའི་བཀོད་པ་བཅས་མངོན་གསལ་དོད་པོས་རིམ་སྤོར་བྱས་ཡོད། བྱ་རིམ་ཆུང་གྲས་ནང་རྒྱུན་སྤྱོད་ཀྱི་ཞབས་ཞུ་མདུན་ངོས་སུ་བཞག་ཡོད་པ་དང་། དྲ་ངོས་དང་པོར“གསར་སྣོན་ཞབས་ཞུ”བཀོད་སྒྲིག་བྱས་པ་མ་ཟད། དགེ་རྒན་ལ་ཕན་ཐོག་པའི་ཞབས་ཞུའི་མཐེབ་བཀྱག་མནན་ཚེ་ཞབས་ཞུའི་ནང་དོན་ཡང་མངོན་གྱི་ཡོད། དྲ་ངོས་ཀྱི་བཀོད་པ་དེ་བས་སྟབས་བདེ་ལ་ཁ་གསལ་བས་དགེ་རྒན་གྱིས་བྱ་རིམ་ཆུང་གྲས་ཁ་ཕྱེ་ཚེ་རང་ཉིད་ལ་མཁོ་བའི་ནུས་པ་མགྱོགས་མྱུར་རྙེད་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།