དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

    2030ལོར་སླེབས་སྐབས་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་30ལྷག་ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-19

    ཉིན་ཤས་གོང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་དུ《གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ་དང་། 2030ལོར་སླེབས་སྐབས་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་བ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

    གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ཆེ་བ་དང་ཐོན་ལས་འཁོར་འབྲེལ་རིང་ལ་གསར་གཏོད་ཀྱི་ཆ་མང་ཞིང་། ཁྲོམ་ར་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་ཚད་མཐོ་བ་མ་ཟད། སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོད་པས། དེ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་དང་བཟོ་ལས་ཅན་གསར་པ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། 2025ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་17.4བྱུང་བ་དེ་དུས་མཚུངས་ལས་7.4%འཕར་ནས་ལོ་13བསྟུད་མར་བཟོ་ལས་རིགས་ཆེ་གྲས་41གི་ཁྲོད་ཨང་དང་པོར་སླེབས་ཡོད།

    འཆར་འགོད་ནང་། 2030ལོར་སླེབས་སྐབས་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་བདེ་འཇགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། འདུས་གྲུབ་གློག་ལམ་དང་། སྔོན་ཐོན་རྩིས་རྒྱག འཛད་སྤྱོད་གློག་རྡུལ། རྨང་གཞིའི་གློག་རྡུལ། ནུས་རྒྱུའི་གློག་རྡུལ་སོགས་ཁྱབ་ཁོངས་སུ་བཟང་ཆ་ལྡན་པའི་ལག་རྩལ་དང་ཐོན་རྫས་ཁག་གཅིག་ཐོན་པར་བྱས་ཏེ། འགྲན་རྩོད་ཀྱི་ནུས་པ་ལྡན་པའི་འཛམ་གླིང་གི་ཁེ་ལས་རྩེ་གྲ་ཞིག་ཆགས་པར་བྱ་རྒྱུ་ཡིན་པ་དང་། ཐོན་ལས་གསར་གཏོད་ཀྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་3.5%ཟིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ལ་ཚད་བརྒལ་མགྱོགས་མྱུར་ཡོང་བ། སྔོན་སྐྱོད་དང་མཉམ་སྐྱོད་ཀྱི་ཁྱབ་ཁོངས་མངོན་གསལ་དོད་པོས་མང་དུ་འགྲོ་བ། རྩིས་ནུས་མཁོ་སྤྲོད་ནུས་པ་ཆེས་ཆེར་འགྲོ་བ། རབས་གསར་པའི་རིག་ནུས་མཐའ་སྣེ་ཁྱབ་གདལ་གཏོང་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱ་རྒྱུ་ཡིན་པ། ཐོན་ལས་ཁོར་ཡུག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། མཁྲེགས་ཆས་དང་། མཉེན་ཆས། ཚད་གཞི། ཁེ་བེད་བདག་ཐོབ་བཅས་ཀྱི་མཉམ་ལས་ལ་འཕེལ་རིམ་གསར་པ་ཡོང་བ། ས་ཁོངས་ཀྱི་བཀོད་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱ་རྒྱུ་ཡིན་པ། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་འགྲོ་བ་བྱ་རྒྱུ་ཡིན་པ་བཅས་བཏོན་ཡོད།

    འཆར་འགོད་ནང་གཙོ་བོ“རྨང་གཞི་འདིང་བ་དང་། སྤུས་ཚད་མཐོར་གཏོང་། གསར་པ་སྐྱེད་སྲིང་། བཅོས་སྐྱོང་བྱེད་པ”བཅས་ཕྱོགས་བཞིར་དམིགས་ནས་གཙོ་གནད་ལས་འགན་ཁག་17བཀོད་སྒྲིག་བྱས་པའི་ནང་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ནུས་པ་དང་། གློག་རྡུལ་གྱི་འཕྲུལ་འཁོར་ཧྲིལ་པོ་དང་མ་ལག་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།