《ཀྲུང་གོའི་མཁོ་སྤྲོད་འཁོར་འབྲེལ་གྱི་འཕེལ་རྒྱས་སྙན་ཞུ(2025—2026)》ཁྱབ་བསྒྲཌ་བྱས་པ།
ཉིན་ཤས་གོང་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོཌ་ཀྱིས《ཀྲུང་གོའི་མཁོ་སྤྲོད་འཁོར་འབྲེལ་གྱི་འཕེལ་རྒྱས་སྙན་ཞུ(2025—2026)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་མངོན་པར། ཟོག་འགྲུལ་མཁོ་སྤྲོད་འཁོར་འབྲེལ་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་སྤྱོད་ཚད་37%ལས་བརྒལ་བའི་ནང་སྐྱེལ་འདྲེན་ལྷུ་ཚིགས་སུ་སྤྱོད་ཚད་78%ཟིན་ནས་ཨང་དང་པོར་སླེབས་པ་དང་། བདེ་འཇགས་ལུགས་མཐུན་དང་རིག་ནུས་མཛོད་ཉར་བྱེད་ཚད་52.73%དང་47.27%སོ་སོར་ཟིན་པ། ཉོ་སྒྲུབ་ཁྱབ་ཁོངས་སུ་སྲོལ་རྒྱུན་གྱི་རྣམ་པ་དང་བསྡུར་ན་རིག་ནུས་ཉོ་སྒྲུབ་མཁོ་སྤྲོད་འཁོར་འབྲེལ་སྤྱོད་མཁན་གྱི་ཁེ་ལས་ཀྱི་ཉོ་སྒྲུབ་ཀྱི་ལས་ཕྱོད་30%ཡན་ཆེ་རུ་ཕྱིན་པ་དང་ཉོ་སྒྲུབ་ཀྱི་དུས་འཁོར་50%ཡན་ཐུང་དུ་ཕྱིན་ཡོད།
སྙན་ཞུའི་ནང་བཏོན་དོན། 2025ལོར་རང་རྒྱལ་གྱི་མཁོ་སྤྲོད་འཁོར་འབྲེལ་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་མགྱོགས་མྱུར་སྤྱོད་འགོ་ཚུགས་ཤིང་། ཉོ་སྒྲུབ་དོ་དམ་དང་། དགོས་མཁོ་སྔོན་དཔག མཛོད་ཉར་ལེགས་སྒྱུར། ཉེན་ཁ་དོ་དམ་སོགས་ལ་མཐུན་རྐྱེན་གང་ལེགས་སྦྱར་བས་མཁོ་སྤྲོད་འཁོར་འབྲེལ་གྱི་དང་ལེན་མྱུར་ཚད་དང་། ཐབས་ཇུས་འགོད་པའི་ཞིབ་ཚད། གཉེར་སྐྱོང་གི་སྙུགས་ཤེད་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྙན་ཞུའི་ནང་བཏོན་དོན། རང་རྒྱལ་གྱི་མཁོ་སྤྲོད་འཁོར་འབྲེལ་ཕྱི་རྒྱལ་ལ་གཏོང་བ་དེ་ཐོག་མའི་དུས་ཀྱི“ཐོན་རྫས་ཕྱིར་གཏོང”དང“ཐོན་ནུས་མཉམ་ལས”ནས“ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གོ་རིམ་ལྡན་པའི་ངང་ཕྱི་རྒྱལ་ལ་གཏོང་བའི”དུས་མཚམས་གསར་པར་སླེབས་ཡོད། རང་རྒྱལ་འདི་ཉིད“འཛམ་གླིང་བཟོ་གྲྭ”ནས་ཞིབ་སྤེལ་དང་། ཐོན་སྐྱེད། ཟོག་འགྲུལ། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི“གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ལྟེ་གནས”ལ་མགྱོགས་མྱུར་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།