ཅིང་ཞུང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་ཚོད་ལྟའི་གཉེར་སྐྱོང་བྱས་པ།
ཅིང་ཞུང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཅིང་ཞུང་ཆུ་ཚོད་གཅིག་གི་གྲོང་ཁྱེར་འཁོར་རྒྱའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཡིན་པའི་ངོས་ནས་ད་ཐེངས་ཀྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་པ་དེ་ཐོག་ནས་ཅིང་ཞུང་མྱུར་བགྲོད་ལྕགས་ལམ་དང་པེ་ཅིང་ས་འོག་མེ་འཁོར་འབབ་ཚུགས་ཏ་ཤིང་གནམ་ཐང་གི་ལམ་ཐིག་འབྲེལ་མཐུད་ཐུབ་ནས་ཤར་གཏོང་དང་གཉེར་སྐྱོང་ཐད་འགག་རྩའི་གོམ་པ་སྤོས་པ་མཚོན་ཡོད། ཅིང་ཞུང་མྱུར་བགྲོད་ལྕགས་ལམ་དེ་ཞུང་ཨན་གྲོང་སྦྲེལ་ས་ཚིགས་ནས་འགོ་བཙུགས་ཏེ་པེ་ཅིང་དང་ཧོ་པེ་ས་ཁུལ་གཉིས་ཀྱི་གྲོང་ཁྱེར་གསུམ་བརྒལ་བ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་86ཙམ་ཡོད་པ་དེ་ནི་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་200འཆར་འགོད་བྱས་པ་དང་སྤྱི་སྤྱོད་ཅན་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པའི་རྒྱལ་ནང་གི་ལྕགས་ལམ་གྱི་མྱུར་ལམ་ཐོག་མ་དེ་རེད། འགྲུལ་པས་སྤ་སེའམ་ཡང་ན་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་པེ་ཅིང་དང་ཧོ་པེ་བརྒལ་བའི་མེ་འཁོར་ལ་སྡོད་ཆོག་པས་ཧ་ཅང་སྟབས་བདེ་པོ་ཡོད།
འབྲེལ་ཡོད་གསར་འགྱུར།