དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་རྩྭ་ཐང་གི“བེད་མེད་རླངས་འཁོར”ཕྱོགས་ཡོངས་ནས་གཙང་སེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-19

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྒེར་རྩེ་རྫོང་རྩྭ་ཐང་གི“བེད་མེད་རླངས་འཁོར”གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་ཀྱི་དུས་འགོའི་གྲལ་བཤེར་བསྡོམས་རྩིས་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཞིང་། རྩྭ་ཐང་གི“བེད་མེད་རླངས་འཁོར”51གནད་སྨིན་གྲལ་བཤེར་ཐུབ་ནས་རྗེས་མཐུད་རིགས་དབྱེ་ཐག་གཅོད་དང་གཅིག་སྡུད་གཙང་སེལ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་། ཐོན་སྐྱེད་དང་འཚོ་བའི་འཕོ་འགྱུར་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བེད་མེད་རླངས་འཁོར་དང་འཕྲུལ་འཁོར་ཁག་གཅིག་རྩྭ་ཐང་གི་མཐིལ་དང་རྒྱལ་ལམ་216ལམ་རྒྱུད་དུ་བསྐྱུར་བས་རྩྭ་ཐང་དུ“བེད་མེད་རླངས་འཁོར”མང་པོ་ཐོན་ཡོད། བེད་མེད་དུ་བསྐྱུར་བའི་འཁོར་རིགས་ཡུན་རིང་ས་མཐོར་བཞག་པས་ས་རྒྱུ་དང་ཆུ་འགོར་སྦགས་བཙོག་ཕོག་སླ་པོ་ཡོད་པ་རེད།

    སྐྱེ་ཁམས་བཅོས་སྐྱོང་གི་དཀའ་གནད་དེ་སེལ་ཆེད། སྒེར་རྩེ་རྫོང་གིས་ཤང་ཧྲིལ་པོ་གནས་སྤོའི་ཁུལ་ཁོངས་དང་། བྱང་རྒྱུད་ནགས་ལས་བདག་སྐྱོང་ས་ཚིགས་དང་། དེ་བཞིན་རྒྱལ་ལམ་216ལམ་རྒྱུད་སོགས་གཙོ་གནད་ས་ཆ་དག་གཙོ་གནད་གྲལ་བཤེར་ཁོངས་སུ་བཅུག་ཡོད་པ་རེད།

    མིག་སྔའི་བར། སྲུང་སྐྱོང་ཁུལ་དུ་བེད་མེད་རླངས་འཁོར་4གཙང་སེལ་བྱས་པ་དང་། འཁོར་བདག་དང་འབྲེལ་བ་བྱས་ནས་རླངས་འཁོར་40རང་འགུལ་ངང་ཐག་གཅོད་བྱེད་དུ་བཅུག་པ། དེ་བྱིངས་རླངས་འཁོར་7གྱི་བདག་ཁོངས་ཆ་འཕྲིན་གནས་སྐབས་ཞིབ་དཔྱད་གསལ་པོ་ཐུབ་མེད་པས “བེད་མེད་རླངས་འཁོར”འཇོག་སར་གནས་སྐབས་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།